[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • ཧོ་པེ་ཧན་ཏན་གྱིས་ཆུང་དུས་ནས་མིག་ལ་སྲུང་སྐྱོང་བྱེད་པའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-11

    629739_yis_1559795061206.jpg

    ཟླ་6ཚེས་5ཉིན་ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་སྨན་ཁང་གསུམ་པས་ཧན་ཧྲན་ཆུས་ཞིང་ནགས་ལམ་སློབ་ཆུང་དང་མཉམ་འབྲེལ་ཐོག“བྱིས་པའི་མིག་བདེ་ཐང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས་ཁོང་ཚོར་འོད་ཟེར་སྟོང་ལྡན་གྱི་འབྱུང་འགྱུར་ཞིག་གཏོད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོའི་ཐོག་མིག་འབྲས་གྲུབ་ཚུལ་ལ་གསལ་འགྲེལ་དང་། མིག་སྲུང་ལུས་རྩལ་ཡང་དག་རྩེད་རྒྱུར་ཁྲིད་སྟོན། མིག་ཤེད་འཇལ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་བྱིས་པ་ཚོར་མིག་སྲུང་གི་ཤེས་བྱ་ཁྱབ་གདལ་བཏང་སྟེ་ཁོང་ཚོར་ཆུང་དུས་ནས་མིག་ལ་སྲུང་སྐྱོང་བྱེད་པའི་གོམས་གཤིས་ཡག་པོ་ཞིག་འཇགས་པར་བྱས་ནས་རྒྱལ་ཡོངས་ཀྱི“མིག་གཅེས་ཉིན་མོ”ཐེངས་24པར་བསུ་བ་ཞུས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།