[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • ཞིང་ཆེན་དྲུག་གི་ཞིབ་དཔྱོད་ཁང་གིས་མཉམ་དུ་འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་ཁྲིམས་འཛིན་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-14

    གསར་འགོད་པར་ཆེས་མཐོའི་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། ཁྲུང་ཆིང་དང་། སི་ཁྲོན། ཀུའེ་ཀྲོའུ། ཡུན་ནན། བོད་ལྗོངས། མཚོ་སྔོན་བཅས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དྲུག་གི་ཞིབ་དཔྱོད་ཁང་གིས་ཉིན་ཤས་གོང《འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་ས་ཁོངས་ལས་སྒྲོལ་བའི་ཞིབ་དཔྱོད་མཉམ་སྒྲུབ་ཀྱི་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》ལ་མཉམ་དུ་མིང་རྟགས་བཀོད་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་ཁྲིམས་འཛིན་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དྲུག་གི་ཞིབ་དཔྱོད་ཁང་གིས་གྱོད་གཞི་ཐག་གཅོད་ལ་གཞི་འཛུགས་པ་དང་། ལྟ་སྐུལ་གྱི་གཙོ་གནད་མངོན་གསལ་དོད་པ། སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བའི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་བཞིན་ཆད་པ་ནན་པོ་གཅོད་པ། འཛིན་པ་དང་གཏུག་བཤེར་གཞི་གཅིག་ཅན་གྱི་གྱོད་གཞི་ཐག་གཅོད་ཀྱི་ལམ་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཁག་གཅིག་གིས་གསལ་འདོམས་བྱེད་མང་བའི་གྱོད་གཞི་གཅིག་སྡུད་ཐོག་སྒྲུབ་རྒྱུ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།