[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • ཉིང་ཞས།

    ཏང་སྲིད་ལས་ཁུངས་ཀྱི་ཡིག་ཆའི་གྲངས་འབོར་མང་བ་དང་འདྲ་བཤུ་འདྲ་སྤོས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-30

    ཤིན་ཧྭ་གསར་འགྱུར་ཁང་དབྱིན་ཁྲོན་ནས་གློག་འཕྲིན་འབྱོར་གསལ། གཞི་རིམ་ལ་འཕྲད་པའི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་གཞི་རིམ་ལས་བྱེད་པའི་ཁུར་པོ་ཡང་དུ་གཏོང་གང་ཐུབ་དང་རྒྱ་ཆེའི་ལས་བྱེད་པའི་འགན་འཁྲི་ཁུར་སེམས་དང་ལས་སྒྲུབ་ལ་ལྕག་སྐུལ་བྱ་ཆེད། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་དང་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གིས་ཉེ་ཆར《ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་ཞིབ་ཕྲའི་བྱ་ཐབས》བཀྲམ་ནས་ཡིག་ཆ་ཧྲག་བསྡུས་ཤུགས་ཆེན་བྱས་ཏེ་ཡིག་ཆའི་གྲངས་འབོར་མང་བ་དང་འདྲ་བཤུ་འདྲ་སྤོས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཀྱིས་ཏང་སྲིད་ལས་ཁུངས་ཀྱི་ལོ་འཁོར་གྱི་ཡིག་ཆ་བཀྲམ་པའི་འཆར་གཞིར་དོ་དམ་ནན་པོ་བྱེད་པ་དང་ཆབས་ཅིག་ཚན་རིག་དང་མཐུན་པའི་སྒོ་ནས་ཡིག་ཆའི་ཡོངས་བསྒྲགས་ཀྱི་ཚད་གཞི་དང་པར་འགྲེམས་ཀྱི་ཁྱབ་ཁོངས་གཏན་འཁེལ་བྱས་ཏེ་བཀྲམ་པའི་ཡིག་ཆའི་དགོས་ངེས་རང་བཞིན་གྱི་དཔྱད་དཔོག་གྲོས་མོལ་ལམ་སྲོལ་བཙུགས་ནས་རིམ་པ་སྟར་ཆགས་བཞིན་ཡིག་ཆ་དགྲམ་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་། ཏང་སྲིད་ཀྱིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་ཉུང་དུ་གཏོང་བ། ཡོངས་འགྲེམས་རང་བཞིན་གྱི་ཡིག་ཆ་ཉུང་དུ་གཏོང་བ་བཅས་བྱས་ཏེ་ཡིག་ཆའི་གྲངས་འབོར་ཉུང་དུ་ནུས་ལྡན་གཏོང་དགོས་པའི་བླང་བྱ་བཏོན་ཞིང་། རང་སྐྱོང་ལྗོངས་ཀྱི་གཞུང་དོན་ལ་གྲོས་བསྡུར་བྱེད་པའི་མཐུན་སྦྱོར་སྒྲིག་གཞིའི་ཚོགས་འདུའི་བརྡ་ཐོ་དང་། ཟིན་བྲིས་གནད་བསྡུས། ཡིག་ཆ་སོགས་ཁ་གསལ་བཟོས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་ཁ་གསལ་ཡོད་པ་ཕུད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང(ཏང་ཨུད་གཞུང་དོན་ཐིང་དང་སྲིད་གཞུང་གཞུང་དོན་ཐིང)གི་མིང་ཐོག་ནས་བཀྲམ་མི་རུང་བ་དང་། སྡེ་ཚན(ཚན་པས)མཉམ་འབྲེལ་ཐོག་བཀྲམ་ཆོག་པའི་ཡིག་ཆའི་རིགས་ལ་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་དང་སྲིད་གཞུང་གཞུང་དོན་ཐིང་གི་མིང་ཐོག་ནས་བཀྲམ་མི་རུང་བ། 2019ལོ་འཁོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང(ཏང་ཨུད་གཞུང་དོན་ཐིང་དང་སྲིད་གཞུང་གཞུང་དོན་ཐིང)གིས་བཀྲམ་པའི་ཡོངས་འགྲེམས་རང་བཞིན་གྱི་ཡིག་ཆ་ལོ་འཁོར་གོང་མ་ལས་30%ནས་50%བར་ཉུང་དུ་གཏོང་བ། ས་གནས་ཁག་དང་སྡེ་ཚན(ཚན་པ)ཁག་གིས་རང་སྐྱོང་ལྗོངས་ཀྱི་ཡིག་ཆ་ལག་བསྟར་དོན་འཁྱོལ་བྱེད་སྐབས་དོན་དངོས་དང་ཟུང་འབྲེལ་བྱས་ནས་དངོས་སྒྲུབ་དང་སྤྱོད་གོ་ཆོད་པའི་བྱེད་ཐབས་བཟོ་བའམ་ཡང་ན་ཐད་ཀར་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་རིམ་པ་དང་པོར་བརྒྱུད་བསྐུར་བྱས་ཏེ་གཏན་འབེབས་ཁ་གསལ་ཡོད་པ་ཕུད། ལག་བསྟར་དོན་འཁྱོལ་བསམ་འཆར་དང་ལག་བསྟར་ཞིབ་སྲོལ་སླར་ཡང་བཟོ་མི་དགོས་པའི་བླང་བྱ་བཏོན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།