[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • སྨན་པ་ཁྲི་360ཡིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་སྲུང་སྐྱོང་བྱེད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-30

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་བཞིན་ཉེ་ཆར་རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་མཱ་ཞའོ་ཝུའེ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་པའི་ཐོག་སྨན་པའི་དཔུང་ཁག་དོ་དམ་གྱི་གནས་ཚུལ་དང་ལས་གཉེར་སྨན་པའི་བཅའ་ཁྲིམས་ལག་བསྟར་གནས་ཚུལ་སྐོར་སྙན་སྒྲོན་གནང་སྐབས། 2018ལོའི་ལོ་མཇུག་བར་རང་རྒྱལ་དུ་སྨན་པའི་གྲངས་འབོར་ཁྲི་360.7ཟིན་པ་དང་། ལོ་རེར་སྨན་བཅོས་བྱེད་ཚད་མི་ཐེངས་དུང་ཕྱུར་83.1ཟིན་ནས་འཛམ་གླིང་ཐོག་གི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཆེ་ཤོས་དེར་འདེགས་སྐྱོར་བྱེད་བཞིན་ཡོད་ཅེས་གསུངས།

    མཱ་ཞའོ་ཝུའེ་ཡིས་སྙན་སྒྲོན་གནང་སྐབས་1998ལོར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི་ལས་གཉེར་སྨན་པའི་བཅའ་ཁྲིམས་ནི་རང་རྒྱལ་གྱི་འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣའི་བཅའ་ཁྲིམས་ཐོག་མ་དེ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ལས་གཉེར་སྨན་པའི་བཅའ་ཁྲིམས་ལག་བསྟར་ནན་པོ་བྱས་པ་བརྒྱུད། སྨན་པའི་དོ་དམ་སྒྱུར་བཅོས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་དང་། སྨན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་གསུངས།

    སྙན་སྒྲོན་ནང་མངོན་པར་གཞིགས་ན། 1998ལོ་དང་བསྡུར་ཚེ་2018ལོའི་ལོ་མཇུག་བར་རང་རྒྱལ་དུ་སྨན་པའི་གྲངས་འབོར་80.4%འཕར་བ་དང་ལོ་རེར་སྨན་བཅོས་བྱེད་ཚད་མི་ཐེངས་འཕར་ཚད་290.1%ཟིན་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།