[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་སློབ་གསོ་དང་ཚན་རིག་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཝང་སན་ཡུན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་དཔྱད་ཁྲ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-16

    ཉེ་ཆར། ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སློབ་གསོ་དང་ཚན་རིག་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཝང་སན་ཡུན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞིའི་དཔྱད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཝང་སན་ཡུན་གྱིས་ལྐོག་རྔན་བླངས་པའི་ནག་ཉེས་བསགས་པས་དུས་བཀག་བཙོན་འཇུག་ལོ་བཅུ་གཉིས་བྱ་རྒྱུའི་ཁྲིམས་ཐག་བཅད་པ་དང་སྦྲགས། མི་དམངས་ཤོག་སྒོར་ཁྲི་བཞི་བརྒྱ་ཉེས་ཆད་བཏང་བ་དང་། ཝང་སན་ཡུན་གྱིས་ལྐོག་རྔན་བླངས་པ་ལས་ཐོབ་པའི་རྒྱུ་དངོས་དང་དེའི་སྐྱེད་ཀ་གཞུང་བཞེས་བཏང་ནས་རྒྱལ་མཛོད་ལ་རྩིས་སྤྲད་པ་རེད།

    1993ནས་2017ལོའི་བར་། ཞུ་སྦྱོར་ཕྱི་མ་ཝང་སན་ཡུན་གྱིས་ཀྲུང་གུང་ཀུའེ་ཀྲོའུ་ཞིང་ཆེན་ལེའུ་ཕན་ཧྲུའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་། ཀྲུང་གུང་ཀུའེ་ཀྲོའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་། ཀྲུང་གུང་ཀན་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་སོགས་ཀྱི་འགན་འཁུར་བའི་ལས་ཐོག་གི་སྟབས་བདེ་སྤྱད་པ་དང་། དེ་བཞིན་ཀྲུང་གུང་ཧྥུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་། ཀྲུང་གུང་ཀན་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་སོགས་ཀྱི་འགན་འཁུར་བའི་ལས་གནས་དང་གོ་གནས་ཀྱི་སྟབས་བདེའི་ཆ་རྐྱེན་སྤྱད་ཅིང་། རྒྱལ་ཁབ་ཀྱི་ལས་བྱེད་པ་གཞན་དག་གི་ལས་གནས་ཐོག་གི་བྱེད་སྤྱོད་བརྒྱུད་འབྲེལ་ཡོད་ཚན་པ་དང་མི་སྒེར་ལ་ལས་གྲྭ་འགན་གཙང་སྤྲད་པ་དང་གོ་གནས་སྤོར་བ་སོགས་ཐད་རོགས་པ་བྱས་པ་མ་ཟད། ཐད་ཀར་རམ་ཡང་ན་གཉེན་ཉེ་སོགས་དམིགས་བསལ་འབྲེལ་བ་ཡོད་པའི་མི་བརྒྱུད་དེ་ཁྲིམས་འགལ་ངང་གོང་གསལ་ཚན་པ་དང་མི་སྒེར་གྱི་རྒྱུ་ནོར་བླངས་པ་མི་དམངས་ཤོག་སྒོར་ལ་ཕབ་ན་བསྡོམས་སྒོར་ཁྲི་6685.66109ཟིན་ཡོད་པ་འདྲི་ཞིབ་བྱས་པ་ལས་གསལ་པོ་ཤེས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།