[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • མི་ཤུགས་ཐོན་ཁུངས་ཁྲོམ་རའི་གནས་སྐབས་ལག་བསྟར་སྲོལ་ཡིག་རིང་མིན་ལག་ལེན་བསྟར་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-09

    2018ལོའི་ཟླ་6ཚེས་29ཉིན། 《མི་ཤུགས་ཐོན་ཁུངས་ཁྲོམ་རའི་གནས་སྐབས་ལག་བསྟར་སྲོལ་ཡིག》རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང་700ཡི་ཐོག་ནས་ཡོངས་བསྒྲགས་བྱས་པ་དང་། 2018ལོའི་ཟླ་10ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད། ཉེ་ཆར། མི་སྤྱི་པུའུ་ཡིས《〈མི་ཤུགས་ཐོན་ཁུངས་ཁྲོམ་རའི་གནས་སྐབས་ལག་བསྟར་སྲོལ་ཡིག〉སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་པ་རེད།

    《བརྡ་ཐོའི》ནང་། 《སྲོལ་ཡིག》འདི་ནི་རང་རྒྱལ་མི་ཤུགས་ཐོན་ཁུངས་ཁྲོམ་རའི་ཁྱབ་ཁོངས་ཀྱི་སྲིད་འཛིན་ཁྲིམས་སྲོལ་དང་པོ་དེ་ཡིན་པ་དང་དུས་རབས་གསར་པར་མི་ཤུགས་ཐོན་ཁུངས་ཁྲོམ་ར་འཛུགས་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་དང་ཚད་གཞི་ཞིག་རེད། རིམ་ཁག་མི་སྤྱི་སྡེ་ཚན་གྱིས《སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། གསོ་སྦྱོང་བཅས་ཀྱི་ལས་ཀར་དམ་འཛིན་ནན་ཏན་བྱས་ཏེ《སྲོལ་ཡིག》སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས་ལག་བསྟར་དང་། ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བཅས་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་རྒྱུ་དང་ཟུང་འབྲེལ་དང་། སྤུས་ཚད་མཐོ་པོ་དང་ལས་ཞུགས་དེ་བས་ལེགས་པའི་བཀོད་སྒྲིག་དང་ཟུང་འབྲེལ། ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་ཡག་པོ་བཏོན་ནས་མི་ཤུགས་ཐོན་ཁུངས་བདེ་བླག་འཁོར་སྐྱོད་ཡོང་བར་སྐུལ་འདེད་གཏོང་བའི་བླང་བྱ་དང་ཟུང་འབྲེལ། མི་ཤུགས་ཐོན་ཁུངས་ཁྲོམ་རའི་ཐོག་གནས་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་ཟུང་འབྲེལ་བཅས་བྱས་ཏེ་སྲིད་ཇུས་ལག་བསྟར་བྱེད་ནུས་ཆེ་རུ་ཏན་ཏིག་གཏོང་དགོས་ཞེས་བཏོན་ཡོད་པ་རེད།

    《བརྡ་ཐོའི》ནང་། རིམ་ཁག་མི་སྤྱི་སྡེ་ཚན་ལ《སྲོལ་ཡིག》གི་དགོངས་དོན་དང་བླང་བྱ་མི་ཤུགས་ཐོན་ཁུངས་ཁྲོམ་རའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཕྱོགས་ཁག་ཚང་མའི་ལས་དོན་ཁྲོད་དོན་འཁྱོལ་གང་ལེགས་ཡོང་བ་བྱེད་དགོས། སྲིད་གཞུང་གིས་མི་ཤུགས་ཐོན་ཁུངས་ཁྲོམ་ར་སྐྱེད་སྲིང་བྱེད་པའི་འགན་འཁྲིར་ཤུགས་སྣོན་བརྒྱབ་སྟེ་ནུས་པ་འཐུས་སྒོ་ཚང་བ་དང་། ལམ་སྲོལ་འཐུས་སྒོ་ཚང་བ། འཁོར་སྐྱོད་གོ་རིམ་ལྡན་པ། ཞབས་ཞུ་ཚད་དང་ལྡན་པ་བཅས་ཀྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས། སྤྱི་པའི་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་འབྲེལ་ཡོད་རིན་མེད་ཞབས་ཞུ་དོན་འཁྱོལ་བྱེད་པ་དང་། ཞབས་ཞུའི་སྤུས་ཚད་ལེགས་སུ་དང་ལས་ཕྱོད་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་སྤྱི་པའི་ཞབས་ཞུ་བྱེད་སྟངས་ལེགས་སུ་ཧུར་ཐག་གཏོང་བ་བཅས་བྱེད་དགོས། གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ“མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་བྱ་སྤྱོད་འཆར་གཞི”དོན་འཁྱོལ་ནན་ཏན་དང་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཐོན་ལས་རྒྱ་སྟོབས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས། མི་ཤུགས་ཐོན་ཁུངས་ཁྲོམ་རའི་ཆ་འཕྲིན་ལྟ་ཞིབ་ཚད་ལེན་ཡོངས་བསྒྲགས་ལས་དོན་ཡག་པོ་བསྒྲུབས་ཏེ་ལས་ཞུགས་གྲུབ་ཆའི་རང་བཞིན་གྱི་འགལ་ཟླ་ཐག་གཅོད་ཀྱི་བླང་བྱ་དང་ཟུང་འབྲེལ་བྱེད་པ་དང་། དུས་ཐོག་ཏུ་མི་ཤུགས་ཐོན་ཁུངས་ཁྲོམ་རའི་མཁོ་སྤྲོད་ཆ་འཕྲིན་ཡོངས་བསྒྲགས་བྱེད་པ། ཆ་འཕྲིན་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་གཏོང་བའི་ལས་ཀར་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། མི་ཤུགས་ཐོན་ཁུངས་རང་མོས་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་དང་བཀོད་པ་ལེགས་སུ་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང་རྒྱལ་ཁབ་དང་ས་ཁུལ་དེ་གའི་ཤེས་ལྡན་པའི་འཕེལ་རྒྱས་འཐབ་ཇུས་ཀྱི་དགོས་མཁོར་དམིགས་ནས། མཁོ་ཆེ་ཞིང་ཁ་ཐང་བའི་ཤེས་ལྡན་པའི་མིང་གཞུང་བཟོ་བ་དང་ཡོངས་བསྒྲགས་བྱས་ཏེ་ཤེས་ལྡན་པའི་ཐོན་ཁུངས་ལུགས་མཐུན་འཁོར་སྐྱོད་ཡོང་བར་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    《བརྡ་ཐོའི》ནང་། རིམ་ཁག་མི་སྤྱི་སྡེ་ཚན་གྱིས《སྲོལ་ཡིག》ལག་བསྟར་བྱེད་རིང་། ལྟ་སྡོམ་བྱེད་སྟངས་སྔར་བས་གསར་གཏོད་བྱེད་པ་དང་ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྡོམ་ལ་ཤུགས་སྣོན་ཆེན་པོ་རྒྱག་དགོས། མི་ཤུགས་ཐོན་ཁུངས་ཁྲོམ་རའི་ཁྱབ་ཁོངས་ཀྱི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ནུས་ལྡན་གྱི་བྱ་ཐབས་ཏན་ཏིག་སྤྱོད་པ། ཞབས་ཞུ་སྒྲིག་གཞིའི་ཁུར་པོ་ཡང་དུ་གཏོང་བ། དེ་བས་ནུས་ཆེ་དང་སྟབས་བདེའི་ཞབས་ཞུ་བྱེད་པ་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།