[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་དྲུག་གིས།

    སྨན་བཅོས་རྩོད་གཞི་སྣ་མང་སེལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-09

    རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། སྤྱི་བདེ་པུའུ། ཁྲིམས་འཛིན་པུའུ། དངུལ་ཁང་ལྟ་སྐུལ་དོ་དམ་ཨུ་ལྷན་བཅས་དང་མཉམ་དུ་གོང་ཚེས་ཉིན་པེ་ཅིང་དུ་སྨན་བཅོས་རྩོད་གཞི་སྣ་མང་སེལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་བརྙན་ལམ་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག《སྨན་བཅོས་རྩོད་གཞི་སྔོན་འགོག་དང་ཐག་གཅོད་ཀྱི་ལམ་སྲོལ》ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡོངས་བསྒྲགས་བྱས་པའི་འཕྲོད་བསྟེན་དང་བདེ་ཐང་ཁྱབ་ཁོངས་ཀྱི་སྲིད་འཛིན་ཁྲིམས་སྲོལ་གལ་ཆེན་ཞིག་ཡིན། དེས་སྨན་བཅོས་ཀྱི་བདེ་འཇགས་འགན་ལེན་དང་། སྨན་པ་དང་ནད་པའི་དབར་འཆམ་མཐུན་གྱི་འབྲེལ་བ་འཛུགས་པ། སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་སྲུང་སྐྱོང་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཏོན་ཡོད། ཚོགས་འདུའི་ཐོག་ས་གནས་དང་སྡེ་ཚན་ཁག་གིས《སྨན་བཅོས་རྩོད་གཞི་སྔོན་འགོག་དང་ཐག་གཅོད་ཀྱི་སྲོལ་ཡིག》གི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་བྱས་ནས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། སྨན་བཅོས་རྩོད་གཞི་སྣ་མང་སེལ་བའི་ལམ་སྲོལ་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་གཏོང་བ། སྡེ་ཚན་གྱི་འགན་འཁྲི་ཁ་གསལ་བཟོ་བ། རྒྱུན་ལྡན་གྱི་སྨན་བཅོས་སྒྲིག་ལམ་སྲུང་སྐྱོང་། སྨན་པར་བརྩི་བཀུར་དང་འཕྲོད་བསྟེན་ལ་སྣང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་པ་བཅས་བྱས་ཏེ་བདེ་ཐང་ཀྲུང་གོ་དང་དུས་བདེའི་ཀྲུང་གོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བླང་བྱ་བཏོན་ཡོད། ཚོགས་འདུའི་ཐོག་ཐེན་ཅིན་གྲོང་ཁྱེར་དང་། ཅང་སུའུ་ཞིང་ཆེན། ཅང་ཤིས་ཞིང་ཆེན་བཅས་ཀྱི་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་འགན་འཁུར་བས་སྨན་བཅོས་རྩོད་གཞི་སྣ་མང་སེལ་བའི་ལམ་སྲོལ་བཟོ་བའི་རང་སོ་སོའི་ཉམས་མྱོང་བཟང་པོ་ངོ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།