[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་པུས་མཉམ་དུ་བརྡ་ཐོ་བཀྲམ་ནས།

    “དམག་ཞབས་ཐིམས་པའི་དམག་མི་ཡག་ཤོས”ཀྱི་སློབ་སྦྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-25

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་17ཉིན། དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་པུའུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་དུ། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་པུས《“དམག་ཞབས་ཐིམས་པའི་དམག་མི་ཡག་ཤོས”ཀྱི་སློབ་སྦྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་དུ་བཀྲམ་ནས། སྤྱི་ཚོགས་ཡོངས་སུ“དམག་ཞབས་ཐིམས་པའི་དམག་མི་ཡག་ཤོས”ཀྱི་སློབ་སྦྱོང་དྲིལ་བསྒྲགས་བྱེད་སྒོ་རྒྱ་ཁྱབ་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་རེད།

    བརྡ་ཐོའི་ནང་ནན་བཤད་བྱས་དོན། སློབ་སྦྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བར། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་མཐའ་འཁྱོངས་བཅས་བྱས་ནས། ཏང་གི་འབོད་སྐུལ་དང་ལེན་ཧུར་ཐག་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་ཁྱབ་ཁོངས་ཁག་ཏུ་གྲུབ་འབྲས་མངོན་གསལ་དོད་པོ་དང་ལེགས་སྐྱེས་འབུར་དུ་ཐོན་པ་བླངས་པའི་དམག་ཞབས་ཐིམས་པའི་ཕུལ་བྱུང་དམག་མིའི་དཔེ་མཚོན་ཁག་གཅིག་བཏོན་ཏེ། དམག་ཞབས་ཐིམས་པའི་དམག་མི་ཚོའི་རང་མདངས་ནམ་ཡང་མི་ཉམས་པར་དཔའ་ངར་ཆེར་སྐྱེད་ཀྱི་རང་གཤིས་བཟང་པོ་དང་བསམ་པའི་ཉམས་འགྱུར་ཡག་པོ་གང་ལེགས་མངོན་པ་དང་ཆབས་ཅིག རྒྱ་ཆེའི་དམག་ཞབས་ཐིམས་པའི་དམག་མི་ཚོར་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་ཡག་པོ་བྱས་ནས་རྒྱལ་ཁབ་འཛུགས་སྐྲུན་གྱི་ལས་དོན་ལ་ཧུར་ཐག་ཞུགས་རྒྱུའི་སྐུལ་སློང་བྱེད་དགོས་པ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོར་མི་ཡག་ཤོས་ལ་སློབ་སྦྱོང་དང་མི་ཡག་ཤོས་བྱེད་པར་ལྕག་སྐུལ་བཏང་ནས་སྤྱི་ཚོགས་ཡོངས་སུ་རྒྱལ་སྲུང་ལ་དོ་ཁུར་དང་དམག་མིར་གོང་བཀུར་བྱེད་པའི་རྣམ་པ་བཟང་པོ་དང་། ལས་གནས་ལ་གཞི་བཙུགས་ནས་ལེགས་སྐྱེས་འབུལ་བ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་དུས་རབས་ཀྱི་དར་སྲོལ་ཆགས་སུ་བཅུག་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་རླབས་ཆེན་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་དུ་བསམ་པའི་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས།

    བརྡ་ཐོའི་ནང་ཁ་གསལ་བཏོན་དོན། སློབ་སྦྱོང་དྲིལ་བསྒྲགས་བྱེད་སྒོ་གཙོ་བོར་སྐུལ་སློང་རྒྱ་ཁྱབ་དང་། དཔེ་མཚོན་གདམ་གསེས། ཡོངས་བསྒྲགས། སྐོར་སྐྱོད་སྙན་ཞུ། གཅིག་སྡུད་དྲིལ་བསྒྲགས། སློབ་སྦྱོང་ལག་ལེན་སོགས་ཀྱི་ལྷུ་ཚིགས་སུ་དབྱེ་ཡོད་པ་དང་། ས་གནས་ཁག་གིས་སོ་སོའི་ཉེ་འཁོར་གྱི་དམག་ཞབས་ཐིམས་པའི་དམག་མི་དག་གིས་རང་འགན་ལ་གཞི་བཙུགས་ནས་ལས་སྒྲུབ་ལས་གཏོད་བྱས་པའི་མི་སེམས་འགུལ་བའི་བྱས་རྗེས་སྔོག་འདོན་གཏིང་ཟབ་བྱས་ཐོག་སྔོན་ཐོན་དཔེ་མཚོན་མང་དག་ཅིག་འདེམས་པ་དང་། མཛད་སྒོ་རྣམ་པའི་བྱེད་སྒོ་རབ་དང་རིམ་པ་གཉེར་བ། ལག་ལེན་བྱེད་སྒོ་རྣམ་པ་སྣ་ཚོགས་གཉེར་བ་བཅས་བྱས་ཏེ། “དམག་ཞབས་ཐིམས་པའི་དམག་མི་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་སློབ་སྦྱོང་དང་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས། ཁེ་ལས་དང་། གྲོང་གསེབ། ལས་ཁུངས། སློབ་གྲྭ སྡེ་ཁུལ། དམག་སྒར། དྲ་ཚིགས་བཅས་སུ་སློབ་སྦྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་པུས་ས་གནས་ཁག་གི་འོས་སྦྱོར་གནས་ཚུལ་ཕྱོགས་བསྡུས་བྱས་ནས“དམག་ཞབས་ཐིམས་པའི་དམག་མི་ཡག་ཤོས”ཁག་གཅིག་གཏན་འཁེལ་བྱས་ཏེ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་དང་། ས་གནས་ཁག་གིས་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རང་ས་གནས་ཀྱི་དམག་ཞབས་ཐིམས་པའི་ཕུལ་བྱུང་དམག་མིའི་དཔེ་མཚོན་ཡོངས་བསྒྲགས་བྱ་ཆོག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།