[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རྟེན་རྫས་བཤམས་མཛོད་ཁང་དང་རིག་དངོས་ཨར་སྐྲུན་གྱི་མེ་ཟོན་བདེ་འཇཌ་ཀྱི་ཞིབ་བཤེར་ཆེ་མོ་ཕྱོཌ་ཡོངས་ནས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-25

    གསར་འགོད་པར་ཉེ་ཆར་འཚོགས་པའི་རྟེན་རྫས་བཤམས་མཛོད་ཁང་དང་རིག་དངོས་ཨར་སྐྲུན་གྱི་མེ་ཟོན་བདེ་འཇགས་ཀྱི་ཞིབ་བཤེར་ཆེ་མོའི་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འཕྲལ་སྡོམ་དོ་དམ་པུའུ་དང་། རིག་གནས་ཡུལ་སྐོར་པུའུ། རྒྱལ་ཁབ་རིག་དངོས་ཅུས་བཅས་ཀྱིས་རྟེན་རྫས་བཤམས་མཛོད་ཁང་དང་རིག་དངོས་ཨར་སྐྲུན་གྱི་མེ་ཟོན་བདེ་འཇགས་ཀྱི་ཞིབ་བཤེར་ཆེ་མོ་འཕྲལ་དུ་སྒྲིག་འཛུགས་བྱས་ཏེ་དཔེ་མཚོན་ཁྲིམས་འགལ་གྱི་བྱེད་སྤྱོད་ཁག་གཅིག་གཅིག་སྡུད་ཐོག་ཞིབ་བཤེར་ཐག་གཅོད་བྱས་ནས་གནད་དོན་ཚབས་ཆེན་ལྡན་པའི་ཚན་པ་ཁག་གཅིག་ལ་ཡོངས་བསྒྲགས་ངང་སྒོ་བྱང་བཀལ་ནས་བསྒྲུབ་རྒྱུར་ལྟ་སྐུལ་བྱས་པ་རེད།

    ཚོགས་འདུའི་ཐོག མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། མེ་ཟོན་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་སྔོན་ལ་བཀོད་སྒྲིག་བྱེད་པ་བཅས་བྱས་ནས་རྟེན་རྫས་བཤམས་མཛོད་ཁང་དང་རིག་དངོས་ཨར་སྐྲུན་དང་ལྷག་པར་དུ་རྒྱལ་ཡོངས་ཀྱི་མེ་སྐྱོན་གྱི་ཉེན་ཁ་ལྡན་པའི“རྒྱལ་ཁབ་ཀྱི་སྲུང་སྐྱོང་བྱ་ཡུལ”ཚན་པ་2000ལྷག་ཙམ་དང་། རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་རྟེན་རྫས་བཤམས་མཛོད་ཁང་725ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་དགོས་པ་དང་། ཞིང་ཆེན་རིམ་པའི་མེ་ཟོན་དང་རིག་དངོས་སྡེ་ཚན་གྱིས་ཚང་མ་སྒྲིག་འཛུགས་བྱས་ཏེ“ཞིབ་བཤེར”ཐེངས་གཅིག་བྱེད་པ་དང་སྡེ་ཚན་རེ་རེ་དང་ཁང་པ་རེ་རེ་བཞིན་གྲལ་བཤེར་བྱས་ཏེ་མངོན་མེད་རྐྱེན་ངན་གྱི་གནས་གཅིག་ཀྱང་མི་ལུས་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།