[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • མངོན་མིན་རིག་གནས་ཤུལ་བཞག་སློབ་དུས་གསར་པའི་སློབ་ཚན་ལ་འཁྲིད་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    rmrbzw0305bt3.jpg

    འདི་ནི་ཐེན་ཅིན་གྲོང་ཁྱེར་ཧུང་ཆའོ་ཆུས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་གཞས་མ་གཏམ་འཁྲབ་རྩལ་གྱི་མི་རབས་གསུམ་པའི་རྒྱུན་འཛིན་པ་ཝང་ཧྲོའུ་དབུན(གཡས་ཀྱི་དང་པོ)གྱིས་སློབ་ཆུང་སློབ་མར་གཞས་མ་གཏམ་འཁྲབ་པ།

    ཉེ་ཆར། ཐེན་ཅིན་གྲོང་ཁྱེར་ཧུང་ཆའོ་ཆུས་ཚོད་ལྟའི་སློབ་ཆུང་གིས“རང་ཉིད་ནས་འགོ་བཙུགས་ཏེ་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད”ཅེས་པའི་སློབ་དུས་གསར་པ་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་ཏེ། མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་མང་པོ་ཞིག་སློབ་གྲྭར་དྲིལ་བསྒྲགས་བྱས་ནས་སློབ་ཆུང་སློབ་མ་ཚོར་ངོ་མཚར་ཆེ་བའི་སློབ་ཚན་ཞིག་ཁྲིད་པས། གཞོན་ནུ་ལོ་ཆུང་ཚོས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འགུགས་ཤུགས་གང་ལེགས་ཚོར་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། སློབ་གྲྭས་སློབ་དུས་གསར་པ་འགོ་ཚུགས་ཚུན་མངོན་མིན་རིག་གནས་ཤུལ་བཞག་གི་འབྲེལ་ཡོད་སློབ་ཚན་དང་བྱང་ཚད་མཐོར་གཏོང་བྱེད་སྒོ་མང་དུ་བཏང་སྟེ་སྲོལ་རྒྱུན་རིག་གནས་སློབ་གྲྭར་དྲིལ་བསྒྲགས་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།