[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
 • མའོ་ཐའེ་ཨ་རག་རྫུས་མའི་ཐོན་ལས་སྦྲེལ་ཐག་ཡོངས་བསྒྲགས་བྱས་པ།

  བྲིན་ཁ་རྒྱུག་པའི་ཨ་རག་རྫུས་མ་སྒམ་གཅིག་སྐར་མ་བཅུའི་ནང་ཐུམ་སྒྲིལ་རྒྱག་ཐུབ་པ།

 • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-06

  དཔྱིད་གསར་དུས་ཆེན་རིང་། མའོ་ཐའེ་སོགས་ཨ་རག་རྩེ་གྲའི་དགོས་མཁོ་ཆེ་རུ་ཕྱིན་པ་དང་དེའི་ནང“ཧྥེ་ཐན་མའོ་ཐའེ”རྟགས་ཅན་གྱི་ཨ་རག་མཁོ་སྤྲོད་མི་འདང་བའི་གནས་ཚུལ་ཐོན་ཡོད། དེས་ན་ཚོང་པ་འགའ་ཞིག་གིས་གོ་སྐབས་དེ་དང་བསྟུན་ནས་མའོ་ཐའེ་ཨ་རག་རྫུས་མ་བཟོས་ཏེ་ཁྲོམ་རར་མཁོ་འདོན་བྱས་ཡོད། གསར་འགོད་པ་མའོ་ཐའེ་ཨ་རག་ཐོན་ས་ཀུའེ་ཀྲོའུ་ཞིང་ཆེན་རེན་ཧོའེ་གྲོང་ཁྱེར་དུ་སྐྱོད་སྐབས་རེན་ཧོའེ་གྲོང་ཁུལ་ནས་མའོ་ཐའེ་གྲོང་རྡལ་བར་དུ་ཨ་རག་རྫུས་མ་བཟོ་བ་ནས་ཐུམ་སྒྲིལ་རྒྱག་པའི་བར་གྱི་ཐོན་ལས་སྦྲེལ་ཐག་ཆ་ཚང་ཞིག་ཆགས་ཡོད་པ་ཤེས་རྟོགས་བྱུང་། ད་དུང་ཨ་རག་རྫུས་མ་དེ་དག་མངོན་གསལ་དང་ཕྱེད་མངོན་གསལ་གྱི་བྱེད་ཐབས་ཐོག་ནས་ཕྱིར་ཚོང་བྱེད་ཀྱི་ཡོད་པ་རེད། ས་ཆ་དེར་ཁྲོམ་རའི་རིན་གོང་སྒོར་1800ལྷག་ཙམ་གྱི“ཧྥེ་ཐན་མའོ་ཐའེ”རྟགས་ཅན་གྱི་ཨ་རག་ཤེལ་དམ་གཅིག་ལ་སྒོར་200ཡང་མ་གནས་པར་ཉོ་རྒྱུ་ཡོད་པ་རེད།

  兴盛路一家店里展示的各种茅台酒的外包装。.jpg

  འདི་ནི་ཤིང་ཧྲེང་ལམ་གྱི་ཚོང་ཁང་ཞིག་ནང་སྟོན་པའི་མའོ་ཐའེ་ཨ་རག་གི་ཐུམ་སྒྲིལ་སྣ་ཚོགས་ཡིན་པ།

  ཨ་རག་རྫུས་མ་བཟོ་བ་ནས་ཐུམ་སྒྲིལ་རྒྱག་པའི་བར་ཐོན་ལས་སྦྲེལ་ཐག་ཞིག་ཆགས་པ།

  དཔྱིད་གསར་དུས་ཆེན་རིང་མའོ་ཐའེ་སོགས་ཨ་རག་རྩེ་གྲའི་དགོས་མཁོ་ཆེ་རུ་ཕྱིན་པ་དང་དེའི་ནང“ཧྥེ་ཐན་མའོ་ཐའེ”རྟགས་ཅན་གྱི་ཨ་རག་མཁོ་སྤྲོད་མི་འདང་བའི་གནས་ཚུལ་ཐོན་ཡོད། དེས་ན་ཚོང་པ་འགའ་ཞིག་གིས་གོ་སྐབས་དེ་དང་བསྟུན་ནས་མའོ་ཐའེ་ཨ་རག་རྫུས་མ་བཟོས་ཏེ་ཁྲོམ་རར་མཁོ་འདོན་བྱས་ཡོད། སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2018ལོའི་ཟླ་དང་པོར་ཤིས་ཨན་གྱི་སྐུ་ཞབས་ཝང་ལགས་ཀྱིས་སྒོར་ཁྲི་9སྤྲད་ནས་ཧྥེ་ཐན་མའོ་ཐའེ་ཨ་རག་སྒམ་10ཉོས་པ་དེ་དག་མའོ་ཐའེ་བཟོ་གྲྭའི་ཁྲོམ་རའི་ཨ་རག་རྫུས་མར་རྡུང་རྡེག་གཏོང་མཁན་མི་སྣས་ཞིབ་བཤེར་བྱས་རྗེས་དེ་དག་ཚང་མ་རྫུས་མ་ཡིན་པ་ཤེས། གནས་ཚུལ་ཐོན་རྗེས་གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་ཐ་མག་དང་ཨ་རག་ཚོང་ཁང་དེར་སྒོ་ཐེལ་བརྒྱབ་པ་རེད།

  མའོ་ཐའེ་ཨ་རག་ཐོན་ས་དང“ཀྲུང་གོའི་ཨ་རག་གྲོང”ཞེས་བརྗོད་སྲོལ་ཡོད་པའི་ཀུའེ་ཀྲོའུ་ཞིང་ཆེན་རེན་ཧོའེ་གྲོང་ཁྱེར་དུ་གསར་འགོད་པས་རེན་ཧོའེ་གྲོང་ཁུལ་ནས་མའོ་ཐའེ་གྲོང་རྡལ་བར་དུ་ཨ་རག་རྫུས་མ་བཟོ་བ་ནས་ཐུམ་སྒྲིལ་རྒྱག་པའི་བར་གྱི་ཐོན་ལས་སྦྲེལ་ཐག་ཆ་ཚང་ཞིག་ཆགས་ཡོད་པ་ཤེས་རྟོགས་བྱུང་། ད་དུང་ཨ་རག་རྫུས་མ་དེ་དག་མངོན་གསལ་དང་ཕྱེད་མངོན་གསལ་གྱི་བྱེད་ཐབས་ཐོག་ནས་ཕྱིར་ཚོང་བྱེད་ཀྱི་ཡོད་པ་རེད། ས་ཆ་དེར་ཁྲོམ་རའི་རིན་གོང་སྒོར་1800ལྷག་ཙམ་རི་བའི“ཧྥེ་ཐན་མའོ་ཐའེ”རྟགས་ཅན་གྱི་ཨ་རག་ཤེལ་དམ་གཅིག་ལ་སྒོར་200ཙམ་བྱས་ནས་ཉོ་རྒྱུ་ཡོད། 

  དཔྱིད་གསར་དུས་ཆེན་རིང་ཚོང་བྲིན་ཁ་རྒྱུག་པོ་ཡོད་སྟབས། ཨ་རག་རྫུས་མ་འཚོང་མཁན་མང་པོ་ཞིག་གིས་ཐུམ་སྒྲིལ་རྫུས་མ“བཙོངས་ཟིན”ཞེས་བརྗོད་ཀྱི་ཡོད། ཟླ་2ཚེས་26ཉིན་གསར་འགོད་པས་འབྲེལ་ཡོད་གནས་ཚུལ་ཀུའེ་ཀྲོའུ་ཞིང་ཆེན་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས་རྒྱལ་ཁབ་ཨ་རག་མའོ་ཐའེ་ཡན་ལག་ཅུས་ལ་སྙན་སེང་ཞུས་པ་དང་ཅུས་དེའི་ལས་དོན་མི་སྣས་འཕྲལ་དུ་བརྟག་དཔྱད་དང་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

  记者购买的假茅台酒,酒箱外面被套上了其它品牌酒的箱子。.jpg

  མའོ་ཐའེ་ཨ་རག་རྫུས་མ་མིག་གིས་དབྱེ་འབྱེད་བྱེད་དཀའ་བ།

  གསར་འགོད་པས་རེན་ཧོའེ་གྲོང་ཁྱེར་ཤིང་ཧྲེང་ལམ་ནས་བཟོས་པའི་མའོ་ཐའེ་ཨ་རག་རྫུས་མ་ཤེལ་དམ་གཅིག་འཁྱེར་ཏེ་ཙུན་དབྱི་མའོ་ཐའེ་ཆེད་ཚོང་ཁང་དུ་ཞིབ་དཔྱད་བྱས་པ་ཡིན། ཕྱིར་ཚོང་མི་སྣས་ཨ་རག་རྫུས་མ་དེར་ཡང་ཡང་བལྟས་རྗེས“དེ་དངོས་ནས་འདྲ་པོ་འདུག”ཅེས་བརྗོད། འོན་ཀྱང་ཞིབ་དཔྱད་ཡོ་བྱད་ཀྱིས་བཤར་འབེབས་བྱས་རྗེས་ཨ་རག་དེར་ཆ་འཕྲིན་གང་ཡང་མེད་པ་རེད།

  མའོ་ཐའེ་གྲོང་རྡལ་གྱི་ཚོང་ཁང་ཞིག་གི་སྦྱིན་བདག་གིས་གསར་འགོད་པར“ད་ཆ་ཨ་རག་རྫུས་མ་བཟོས་ནས་ཕྱུག་པོ་ཆགས་པའི་མི་མང་པོ་ཡོད་ལ་འཛིན་བཟུང་བྱས་པ་ཡང་མང་པོ་བྱུང་ཡོད”ཅེས་བཤད། དོན་དངོས་ཀྱང་དེ་ལས་མ་འདས། ན་ནིང་ཟླ་12ཚེས་16ཉིན། སྤྱི་བདེ་པུས་དུས་ཡུན་ཟླ་བ་གཉིས་ཀྱི“དཔྱིད་ཀྱི་འབྲུག་སྒྲའི་བྱ་སྤྱོད”བཀོད་སྒྲིག་བྱས་ཏེ་རྡུང་རྡེག་ཐེངས་མང་བཏང་ནས་རང་ཚོད་མ་ཟིམ་པའི་ས་ཁོངས་རང་བཞིན་གྱི་ཨ་རག་རྫུས་མ་བཟོ་མཁན“གཏེ་པོར”དམིགས་ཏེ། རྡུང་རྡེག་ནན་པོ་བཏང་བ་དང་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་པ་རེད། སྤྱི་བདེ་པུས་སྤེལ་བའི“དཔྱིད་ཀྱི་འབྲུག་སྒྲའི་བྱ་སྤྱོད”ནང་ཅང་སུའུ་ཞིང་ཆེན་ཞུས་ཀྲོའུ་སུའེ་ཉིང་ཉེན་རྟོག་ཕྱོགས་ཀྱིས་མའོ་ཐའེ་རྫུས་མ་བཟོ་བའི་གྱོད་གཞི་ཞིག་རྩད་ཆོད་ནས་ཨ་རག་སྒམ་200ལྷག་ཙམ་གཞུང་བཞེས་བཏང་བ་དེ་དག་ལ་རིན་ཐང་སྒོར་ཁྲི་བརྒྱ་ཕྲག་གནས་ཡོད།

  བརྟག་དཔྱད་བྱས་པ་བརྒྱུད། ཧྥེ་ཐན་མའོ་ཐའེ་རྟགས་ཅན་གྱི་ཨ་རག་རྫུས་མ་དེ་དག་ནི་ཉེས་གསོག་དོགས་ཅན་གྱིས་ཀུའེ་དབྱང་ནས་ཉོས་པ་ཞིག་ཡིན་པ་རེད།

  仁怀市酒品包装一条街。.jpg

  འདི་ནི་རེན་ཧོའེ་གྲོང་ཁྱེར་གྱི་ཨ་རག་རྫུས་མ་ཐུམ་སྒྲིལ་རྒྱག་ཡུལ་ཡིན་པ།

  --    --

  འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།