[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • ན་ནིང་ཟླ་11པར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་མཁན་མི་7700ལ་ཐག་གཅོད་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

     2017ལོའི་ཟླ་12ཚེས་28ཉིན། ཀྲུང་དབྱང་སྒྲིག་བཤེར་ལྟ་ཞིབ་པུའི་དྲ་ཚུགས་ནས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ། ན་ནིང་ཟླ་བཅུ་གཅིག་པར། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་5590ལ་ཞིབ་བཤེར་ཐག་གཅོད་དང་མི་7777ལ་ཐག་གཅོད་བྱས་པའི་ནང་ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་57དང་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་748ཚུད་ཡོད་པ་རེད།

    ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་རིགས་ལ་བལྟས་ཚེ། སྒྲིག་འགལ་ངང་ཁ་གསབ་བམ་ཡང་ན་ཕན་བདེ་སྤྲད་རིགས་1499དང་། སྒྲིག་འགལ་ངང་ལག་རྟགས་དང་འབུལ་ཚན་སྤྲོད་ལེན་བྱས་རིགས་1157 སྒྲིག་འགལ་ངང་གཞུང་འཁོར་བེད་སྤྱོད་བྱས་རིགས་845 སྒྲིག་འགལ་ངང་གཞུང་དངུལ་སྤྱད་ནས་བཟའ་བཏུང་བྱས་རིགས་657 སྒྲིག་འགལ་ངང་གཉེན་སྒྲིག་སོགས་རྒྱ་ཆེན་པོ་བྱས་རིགས་631 གཞུང་དངུལ་སྤྱད་ནས་རྒྱལ་ནང་དུ་ཡུལ་སྐོར་བྱས་རིགས་271 ཚོགས་ཁང་དང་། ཐོག་བརྩེགས་ཁང་། ཟ་ཁང་། སྣེ་ལེན་ཁང་བཅས་ཀྱི་སྒྲིག་འགལ་གནད་དོན་156 གཞུང་དངུལ་སྤྱད་ནས་ཕྱི་རྒྱལ་དུ་ཡུལ་སྐོར་བྱས་རིགས་15 དེ་མིན་གྱི་གནད་དོན་359བཅས་སོ།

    རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ཁོང་དུ་ཆུད་ཆེད། ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་139 ཀྲུང་དབྱང་ཁེ་ལས་98 ཀྲུང་དབྱང་གི་དངུལ་རྩའི་ཁེ་ལས་15སོགས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཚུལ་གྱི་ཟླ་རེའི་སྙན་སེང་ལམ་ལུགས་བཙུགས་པ་རེད།

    2017ལོའི་ཟླ་11པའི་ཚེས་30ཉིན་ཚུན་དུ། རྒྱལ་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་43414ཞིབ་བཤེར་ཐག་གཅོད་དང་ཏང་ཡོན་ལས་བྱེད་པ་60972ལ་ཐག་གཅོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།