[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས།

    སྡེ་ཁུལ་དུ་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-07-01

    ཉེ་ཆར། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དར་དམར་གྲོང་ལྷན་རྭ་ཁ་ཆུ་འཁོར་ཁུལ་ཆུང་དུ“དཔྱིད་རླུང་ལྡང་བས་མི་སེམས་དྲོད། དམངས་ལ་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཁྲིམས་སྐྱོང་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།

    སྒྲོག་འགྲེལ་པས་དོན་དངོས་དང་ཟུང་འབྲེལ་གྱིས་བྱ་དགའ་ལེན་པའི་ལན་འདེབས་ཀྱི་རྣམ་པར་བརྟེན་ནས《དམངས་དོན་ཁྲིམས་གཞུང》དང《བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་འགྲེལ་བཤད་ཁ་གསལ་བརྒྱབ་པ་དང་། སྒྲོག་འགྲེལ་བྱེད་སྒོ་སྤེལ་ཡུལ་དུ་མང་ཚོགས་ཀྱིས་ཁྲིམས་སྦྱོང་གི་སྤྲོ་སེམས་རབ་ཏུ་འཕེལ་ནས་དྲི་བར་ལན་ཧུར་ཐག་བཏབ། སྒྲོག་འགྲེལ་མཇུག་འགྲིལ་རྗེས་ཁྲིམས་དཔོན་ཚོས་བློ་འདྲིར་ཡོང་མཁན་མང་ཚོགས་ཚོར་བཅའ་ཁྲིམས་ཤེས་བྱར་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཇི་ལྟར་བྱེད་དགོས་པའི་སྐོར་ལ་འགྲེལ་བཤད་བརྒྱབ་པ་མ་ཟད། རྒྱ་ཆེའི་མང་ཚོགས་ལ་ཁྲིམས་བཀུར་སྲུང་སྐྱོང་དང་ཡིན་མིན་གསལ་རྟོགས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཁྲིམས་མཐུན་གྱི་བྱེད་ཐབས་ལ་བརྟེན་ནས་འཚོ་བའི་ཁྲོད་ཀྱི་འགལ་བ་དང་རྩོད་གཞི་སྣ་ཚོཌ་བསལ་ཏེ་སྡེ་ཁུལ་གྱི་གྲོང་མིར་ངོ་ཐུག་གདོང་འཕྲད་ངང་བཅའ་ཁྲིམས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་སའི་སྟེཌ་བུ་ཞིག་མཁོ་འདོན་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཧྲི་ཤིན་ཀྲེན་གྱིས“ད་ཐེངས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་པ་བརྒྱུད་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཡང་དག་པའི་ཁྲིམས་སྐྱོང་འདུ་ཤེས་བཙུགས་ཏེ། ཁོང་ཚོས་འབྱུང་འགྱུར་གྱི་ལས་དོན་དང་འཚོ་བའི་ཁྲོད་རང་རྟོགས་ངང་ཁྲིམས་བཀུར་དང་། ཁྲིམས་སྲུང་། བཅའ་ཁྲིམས་ལ་ཡིད་ཆེས་བཅས་བྱེད་པའི་གོམས་གཤིས་བཟང་པོ་འཇགས་པར་བྱས་ནས། རང་རེའི་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་དང་འཛུགས་སྐྲུན་ཆེད་ནུས་པ་གང་ཡོད་འདོན་ཐུབ་པ་བྱེད་དགོས”ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།