[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་སའི་སྤྱི་བདེས་རྒན་གསོའི་དངུལ་ཁ་བསླུས་རྒྱག་པར་རྡུང་རྡེག་གཏོང་བའི་དྲིལ་བསྒྲགས་བྱེད་སྒོ་མུ་མཐུད་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-28

    རྒན་རྒོན་གྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ་དང་མང་ཚོགས་ཀྱི“རྒན་གསོའི་དངུལ”ལ་སྲུང་སྐྱོང་ཡག་པོ་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་རྒན་གསོའི་དངུལ་ཁ་བསླུས་བརྒྱབ་པར་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་ལ་ཕན་འབྲས་དངོས་ཐོབ་པའི་འགན་ལེན་བྱེད་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་རྒན་གསོའི་དངུལ་ཁ་བསླུས་རྒྱག་པར་རྡུང་རྡེག་གཏོང་བའི་དྲིལ་བསྒྲགས་བྱེད་སྒོ་མུ་མཐུད་སྤེལ་ཞིང་། ཕྱོགས་ཡོངས་དང་ཐབས་ལམ་མང་པོར་བརྟེན་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། བྱ་སྤྱོད་ངོ་མའི་ཐོག་ནས་དམངས་ཡོངས་ཀྱིས་རྒན་གསོའི་དངུལ་ཁ་བསླུས་བརྒྱབ་རིགས་ལ་དོགས་ཟོན་བྱེད་པའི་རྣམ་པ་ཡག་པོ་བཏོད་པ་རེད།

    བྱེད་སྒོ་སྤེལ་རིང་། རྒན་རྒོན་ཚོར་རྣམ་ཀུན་ནས་སྒོ་རྩར་བྲིན་ཚོང་དང་། མ་འཇོག་རྫུན་མ། ལུས་གསོའི་མ་འཇོག རིན་གོང་དམའ་བའི་ཡུལ་སྐོར་སོགས་མགོ་སྐོར་གཡོ་སྒྱུའི་རིགས་ལ་དོགས་ཟོན་བྱེད་དགོས་པ་དང་། “ཉན་རྒྱུ་མེད་པ་དང་། ཡིད་ཆེས་བྱ་རྒྱུ་མེད་པ། དངུལ་ཁོངས་བསྒྱུར་རྒྱུ་མེད་པ”ལ་སོགས་སེམས་ལ་འཇོག་དགོས་པ། གལ་ཏེ་དོགས་པ་སྐྱེས་ཚེ། འཕྲལ་དུ་110ལ་ཁ་པར་རྒྱག་པའམ་ཡང་ན་བུ་ཕྲུག་ལ་སྐད་ཆ་འདྲི་དགོས་པ། རང་ཉིད་ཀྱི“རྒན་གསོའི་དངུལ”ཡག་པོ་སྲུང་དགོས་པ་བཅས་ཀྱི་ཁ་ཏ་བསླབ་བྱ་བྱས་པ་མ་ཟད། རྒྱ་ཆེའི་ན་གཞོན་མང་ཚོགས་ལ་ཁྱིམ་གྱི་རྒན་རྒོན་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། གཞན་གྱི་མགོ་སྐོར་འོག་མི་ཚུད་པར་བྱེད་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད།

    གོམ་སྟབས་རྗེས་མར་ལྷ་སའི་སྤྱི་བདེས་དྲིལ་བསྒྲགས་སློབ་གསོ་དང་། ཁྲིམས་ལྟར་རྡུང་རྡེག བཅོས་སྒྲིག་ཚད་ལྡན་སོགས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་། མུ་མཐུད་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་ལ་ཚེ་མཇུག་སྐྱིད་པོ་ཞིག་སྐྱེལ་རྒྱུ་ཡོང་ཆེད་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་གཏོད་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།