[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྤུ་ཧྲེང་རྫོང་གི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་རྒྱལ་སྤྱིའི་ཡིག་ཚགས་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-28

    ཡིག་ཚགས་རིག་གནས་དྲིལ་བསྒྲགས་དང་ཡིག་ཚགས་ཤེས་བྱ་ཁྱབ་གདལ་བཏང་ནས་ལོ་རྒྱུས་སློབ་གསོ་དང་མཛུབ་ཁྲིད་ལས་དོན་སོགས་ཀྱི་ཡིག་ཚགས་ཀྱི་ནུས་པ་འདོན་སྤེལ་བྱ་ཆེད། ཉེ་ཆར་སྤུ་ཧྲེང་རྫོང་གི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས“ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ། ཡིག་ཚགས་ཀྱིས་འོད་སྟོང་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་སྤྱིའི་ཡིག་ཚགས་ཉིན་མོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བའི་རྣམ་པ་བཟང་པོ་ཞིག་བཏོད་པ་རེད།

    དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། ས་ཚིགས་ཡོངས་ཀྱི་མི་དམངས་ཉེན་རྟོག་པས་ཡིག་ཚགས་ལས་དོན་གྱི་འཕེལ་རྒྱས་ལོ་རྒྱུས་སྔར་བས་ཤེས་རྟོགས་ཐུབ་པ་དང་། ཡིག་ཚགས་ལས་དོན་གྱི་ཤུཌ་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་པ། ཉེན་རྟོག་པ་ཡོངས་ཀྱི་ཡིག་ཚགས་ཤེས་བྱ་ཕུན་སུམ་ཚོགས་སུ་ཕྱིན་པ། ས་ཚིགས་ཡོངས་ཀྱི་ཁྱབ་ཁོངས་སུ་མི་ཚང་མས་ཡིག་ཚགས་ལ་གཅེས་སྤྲས་དང་། ཡིག་ཚགས་ལ་སྲུང་སྐྱོང་། ཡིག་ཚགས་བེད་སྤྱོད་ཡག་པོ་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།