
འདི་ནི་ཕྱོགས་བསྡུས་བཅོས་སྐྱོང་གི་དྲིལ་བསྒྲཌ་ཟླ་བའི་བྱེད་སྒོ་སྤེལ་བཞིན་པ།
དུས་བདེ་འཛུགས་སྐྲུན་གྱི་རྣམ་པ་ཟབ་མོ་ཞིག་གཏོད་པ་དང་། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྒྱ་ཆེའི་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ། དུས་བདེ་གཏོད་པར་མཉམ་དུ་ཞུགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ། ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ཁྲོད་མང་ཚོགས་ཀྱི་ཞུགས་ཚད་དང་། ཤེས་རྟོགས་ཐུབ་ཚད། བློ་ཡིད་ཚིམ་ཚད་བཅས་མཐོ་རུ་གཏོང་བ། མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བརྟན་ལྷིང་དང་གོ་རིམ་ལྡན་པ་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། ཉེ་ཆར་གྲོ་མོ་རྫོང་གིས“ཕྱོཌ་བསྡུས་བཅོས་སྐྱོང་མཉམ་དུ་བྱེད། དུས་བདེའི་གྲོ་མོ་མཉམ་དུ་སྐྲུན”པའི་ཕྱོགས་བསྡུས་བཅོས་སྐྱོང་ཟླ་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
ད་རེས་ཀྱི་བྱེད་སྒོར་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིཌ་ཁྱོན་1000ལྷག་ཙམ་སྤྲད་པ་དང་། གྲོང་མི་མང་ཚོགས་ལ་བདེ་འཇགས་དོགས་ཟོན་བློ་འདྲིའི་ཞབས་ཞུ་ཐེངས་30ལྷག་ཙམ་བསྒྲུབས་ཏེ། གྲོ་མོ་རྫོང་གིས“དུས་བདེ་གཏོད་པར་ཀུན་གྱིས་ཞུགས། ཞི་མཐུན་འཚོ་བར་མཉམ་དུ་རོལ”བའི་སྤྱི་ཚོགས་ཀྱི་རྣམ་པ་ཡག་པོ་ཞིག་སྔར་བས་བཏོད་པ་རེད།