[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་ཁྲིམས་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-28

    ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་གསོ་སྦྱོང་གི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱེད་པ། མི་དམངས་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་བཅས་བྱེད་ཆེད། ལྷོ་རོང་རྫོང་ནག་ལྕོག་ཤང་སྤ་སྨད་གྲོང་ཚོར་བཅའ་སྡོད་ཆབ་མདོ་གྲོང་ཁྱེར་ཁྲིམས་ཁང་གི་ལས་དོན་རུ་ཁག་གིས་སྙིང་རུས་གཏན་འཁྱོངས་དང་ཤུགས་སྣོན་ཆད་མེད་བརྒྱབ་ནས་སློབ་སྦྱོང་གསོ་སྦྱོང་གི་ཕན་འབྲས་ཆེ་རུ་ཧུར་ཐག་བཏང་བ་རེད།

    རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་བེད་སྤྱོད་ཐད་ཀྱི་སྤ་སྨད་གྲོང་ཚོའི་གནས་བབ་དང་ཟུང་འབྲེལ་བྱས་ནས་གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་གྲོས་བསྡུར་བྱས་པ་བརྒྱུད། 《རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྐོར་གྱི་སྤ་སྨད་གྲོང་ཚོའི་སྦྱོང་བརྡར་ཇུས་གཞི》ཞིབ་འཇུག་བྱས་ནས་བཟོས་པ་དང་འབྲེལ་གསོ་སྦྱོང་གི་ལས་དོན་གྱི་ཞིབ་ཕྲའི་བྱེད་ཐབས་ཁ་གསལ་བཏོན་པ་དང“ཨུ་ལྷན་གཉིས”ཀྱི་ཚན་ཁག་ཁོངས་མིས་དཔེ་སྟོན་སྣེ་ཁྲིད་བྱེད་པ་དང་གྲོང་ཚོར་ཡོད་པའི་སློབ་ཆེན་སློབ་མ་དང་། དམའ་རིམ་སློབ་འབྲིང་གི་སློབ་མ། སློབ་ཆུང་སློབ་མ་བཅས་ཀྱིས་ནང་མིར་ཁྲིད་སྟོན་བྱས་ནས་རང་འགུལ་ངང་སློབ་སྦྱོང་བྱ་རྒྱུའི་བླང་བྱ་བཏོན་ཡོད་ལ། མཉམ་སྡེབ་གསོ་སྦྱོང་སློབ་སྦྱོང་དང་། རྒྱ་སྐད་ཀྱི་གསར་བརྗེའི་གློག་བརྙན་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གསར་འགྱུར་བསྟན་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཡིག་གཟུགས་འགྲན་བསྡུར་སྒྲིག་འཛུགས། སྙན་ངག་གྱེར་འདོན་འགྲན་བསྡུར་སོགས་ཀྱི་སྤྱིའི་བསམ་ཕྱོགས་བཏོན་ཏེ་ཕྱོགས་ཡོངས་དང་། ཟུར་ཚད་མང་བ། བསམ་ཕྱོགས་རྒྱ་ཆེ་བ་བཅས་ཀྱི་སྒོ་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་གི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།