[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རྒྱལ་ཡོངས་ཀྱི་དམག་བསྡུའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-21

    ཉེ་དུས། “དམག་མི་བསྡུ་ཐེངས་གཉིས་དང་ལོག་ཐེངས་གཉིས”དང་རྒྱལ་ཡོངས་ཀྱི་དམག་བསྡུའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་དམག་བསྡུའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཀྲང་ཡུང་ཙེ་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་དང་། བོད་དམག་ཁུལ་ཁང་གི་སི་ལིང་ཡོན་གཞོན་པ་ངག་དབང་བསོད་ནམས་དང་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་གཞོན་པ་ཀྲའོ་ཀྲུང་ཚོགས་འདུར་ཞུགས་པ་རེད།

    “དམག་མི་བསྡུ་ཐེངས་གཉིས་དང་ལོག་ཐེངས་གཉིས”དང་རྒྱལ་ཡོངས་ཀྱི་དམག་བསྡུའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་བལྟས་རྗེས། རང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་དམག་བསྡུའི་ལས་དོན་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག་2019ལོའི་རང་ལྗོངས་ཀྱི་དམག་བསྡུའི་ལས་དོན་ལ་ཕྱོགས་སྡོམ་དང་2020ལོའི་དམག་བསྡུའི་ལས་འགན་བཀོད་སྒྲིག་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།