[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-04

    ཉེ་ཆར། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཁྲེང་ཀོན་ཆུས་འཕྲལ་སྡོམ་དོ་དམ་ཅུས་དང་མཉམ་དུ“མེ་སྐྱོན་ཉེན་ཁ་འགོག་ཟོན་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལྷ་ས་གྲོང་ཁྱེར་གྱི“119”མེ་ཟོན་དྲིལ་བསྒྲགས་ཟླ་བ་དང“དམངས་ཡོངས་མེ་ཟོན་ལས་ལ་ཧུར་ཐག་ཞུགས”ཞེས་པའི་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    ཁྲེང་ཀོན་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་རིམ་པ་དང་པོའི་བཀོད་འདོམས་པ་ཚེ་དབང་གིས“བྱེད་སྒོ་འདིའི་རིགས་སྤེལ་བ་བརྒྱུད། དམངས་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་བྱང་ཚད་དང་མེ་སྐྱོན་འགོག་སྲུང་གི་ཆུ་ཚད་སྔར་བས་མཐོ་རུ་དང་། མེ་སྐྱོན་སྔོན་འགོག་ཚོད་འཛིན་ལས་ཀའི་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་ཕྱིན་ནས། སྤྱི་ཚོགས་ཡོངས་སུ‘མེ་ཟོན་ཤེས་བྱ་སྦྱོང་བ་དང་། མེ་ཟོན་ཤེས་བྱ་རྟོགས’པའི་རྣམ་པ་ཟབ་མོ་ཞིག་གཏོད་ཐུབ་རྒྱུའི་རེ་བ་ཡོད། གོམ་སྟབས་རྗེས་མར། མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱེད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ནས་གནད་དོན་མངོན་གསལ་དོད་རིགས་གཅིག་སྡུད་ཐོག་ཐག་གཅོད་བྱ་རྒྱུ་དང་། ལས་སྒྲུབ་ནན་པོ་དང་། དམག་ཧྲག་སྦྱོང་བརྡར། དོ་དམ་ཚད་ལྡན་བཅས་བྱས་ནས། མེ་གསོད་དང་ཕྱོགས་བསྡུས་འཕྲལ་སྡོམ་རོགས་སྐྱོབ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ། དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་འདུ་ཤེས་ཟབ་ཏུ་དང་རང་སྐྱོབ་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན”ཞེས་གསར་འགོད་པར་བརྗོད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།