[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཀྲུང་གོས་རོགས་སྐྲུན་བྱས་པའི་ནེ་པ་ལའི་ཐི་མུའུ་ལུའེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་རྣམ་གྲངས་སྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-03

    ཉེ་ཆར་། ཀྲུང་གོས་རོགས་སྐྲུན་བྱས་པའི་ནེ་པ་ལའི་ཐི་མུའུ་ལུའེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་རྣམ་གྲངས་ནེ་པ་ལའི་ཐི་མུའུ་ལུའེ་རུ་སྐྲུན་འགོ་ཚུགས་པའི་མཛད་སྒོ་གཉེར་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོས་རོགས་སྐྲུན་བྱས་པའི་ནེ་པ་ལའི་ཐི་མུའུ་ལུའེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་རྣམ་གྲངས་དེའི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་50900ཟིན་ཞིང་། དེའི་ནང་མཉམ་བཤེར་ཕྱོགས་བསྡུས་ཁང་ཆེན་དང་། ལས་ཤག ཟ་ཁང་། དངོས་ཟོག་མཛོད་ཁང་། ཟོག་འཇོག་བང་ཁྲི། ཆུ་འཐེན་ཁང་། ལས་བྱ་ཁང་། རླངས་འཁོར་འཇོག་ས། འབྲུབ་ཆུ་འགོག་རགས་སོགས་ཚུད་པ་མ་ཟད། ད་དུང་ལས་སྒྲུབ་དང་ཞིབ་བཤེར་སྒྲིག་ཆས་ཁག་གཅིག་མཁོ་འདོན་ཡང་བྱས་ཡོད། རྣམ་གྲངས་དེ་སྐྲུན་ཟིན་རྗེས་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་དངོས་ཟོག་འགག་སྒྲོལ་གྱི་ལས་ཆོད་སྔར་བས་ཆེ་རུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།