[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ཀྱི་སྲིད་དོན་གྱིས་དམངས་ཕན་གྲོན་བསྡུའི་ཞབས་ཞུ་ལེགས་སུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-03

    ཉེ་ཆར། བོད་ལྗོངས་སྲིད་དོན་གྱིས་དམངས་ཕན་གྲོན་བསྡུའི་ནུས་པ་ལེགས་སུ་བཏང་སྟེ། དྲ་ཐོག་ནས་དྲོད་རླངས་ཀྱི་དངུལ་དང་གྲངས་འཛིན་བརྙན་འཕྲིན་གྱི་དངུལ་སོགས་རྒྱུན་གཏན་འཚོ་བའི་ཞབས་ཞུ་སྣ་ཚོགས་ཀྱི་གྲོན་དངུལ་འཇལ་ཐུབ། གཅིག་འཐུས་རྣམ་པའི་འཚོ་བའི་གྲོན་བསྡུའི་སྒྲུབ་གཉེར་ལས་སྟེགས་སུ་དུས་གང་རུང་དུ་དྲ་ཐོག་ནས་གྲོན་དངུལ་འཇལ་ཐུབ་པས། གྲོན་བསྡུའི་གོ་རིམ་སྟབས་བདེ་ལ་དུས་ཚོད་ཀྱང་ཐུང་ཐུང་ལས་འགོར་གྱི་མེད།

    སྤྱོད་མཁན་གྱིས་བོད་ལྗོངས་སྲིད་དོན་སྐད་འཕྲིན་སྤྱི་རྟགས་དང་། ལག་ཐོགས་ཁ་པར་གྱི་APP གློག་ཀླད་ཀྱི་དུད་སྣེ་བཅས་གང་རུང་ནང་འཛུལ་ཏེ། “དམངས་ཕན་ཞབས་ཞུ”ཞེས་པ་མནན་ཚེ་ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པར་རྒྱུན་གཏན་འཚོ་བའི་གྲོན་དངུལ་སྣ་ཚོགས་འཇལ་ཐུབ། དྲོད་རླངས་དངུལ་འཇལ་རྒྱུ་དཔེར་བྱས་ན། ལག་ཐོགས་ཁ་པར་ནས“དམངས་ཕན་ཞབས་ཞུའི་གྲོན་བསྡུ”ཞེས་པ་མནན་རྗེས། “དྲོད་རླངས་དངུལ”ཞེས་པ་བདམས་ཏེ“སྤྱོད་མཁན་གྱི་ཨང་རྟགས”འབྲི་དགོས་པ་དང་། དྲན་སྐུལ་གཞིར་བཟུང་དངུལ་འཇལ་ན་འགྲིག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།