[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིས་གློག་སྐུད་སྒྱུར་བཀོད་ཀྱི་ལས་དོན་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-12

    liy9b192.jpg

    ཉེ་ཆར། རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིའི་གུང་ཁྲན་ཏང་ཡོན་ཞབས་ཞུ་རུ་ཁག(གཤམ་དུ་ཞབས་ཞུ་རུ་ཁག་ཅེས་བསྡུ་རྒྱུ)ལྗོངས་སྒྲིག་ཨུད་ལས་ཁུངས་ཉི་འོད་གླིང་ཕྲན་གྱི་ལས་འཁྱུར་རྟེན་གཞིར་བསྐྱོད་ནས་གློག་སྦྱོར་སྐུད་ལམ་གྱི་སྒྱུར་བཀོད་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་རེད།

    “ང་ཚོས་ཡུལ་དངོས་ནས་མཐོང་བ་ནི་ལས་འཁྱུར་རྟེན་གཞི་དེའི་གློག་སྐུད་ཕྲ་བ་དང་སྐུད་ལམ་རྙིང་པ་ཡིན་པས། མེ་སྐྱོན་ནམ་ཡང་ན་མི་ལ་གློག་འཁྱུད་པའི་ལས་འཛོལ་ཧ་ཅང་ཐོན་སླ་བ་མ་ཟད། དགུན་ཁ་འཆར་གྲབས་ཡོད་པས་ཡུལ་མི་ཚོས་གློག་སྤྱོད་ཚད་མུ་མཐུད་ཆེ་རུ་འགྲོ་ངེས་ཡིན་པས་བདེ་འཇགས་རང་བཞིན་ཡང་དེ་བས་ཆུང་བ་དང་། ང་ཚོས་སྒྱུར་བཀོད་བྱས་རྗེས་གློག་འདོན་ནུས་པ་དང་གློག་འདོན་གྱི་བློས་འགེལ་རང་བཞིན་ཡང་ཆེ་རུ་ཕྱིན་ནས་ཡུལ་མིས་གློག་སྤྱོད་སྐབས་སྔར་བས་བདེ་འཇགས་ཡོང་ངེས་ཡིན”ཞེས་རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིའི་གློག་འདོན་ཞབས་ཞུ་ལྟེ་གནས་ཀྱི་ལས་སྒྲུབ་པ་ཚེ་རིང་དོན་གྲུབ་ཀྱིས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་བཅོས་སྒྲིག་བྱ་སྤྱོད་ཞབས་ཞུ་རུ་ཁག་གིས་དུད་ཚང་24ཡི་དམའ་གནོན་གློག་སྦྱོར་སྐུད་ལམ་སྒྱུར་བཀོད་བྱས་པ་དང་འབྲེལ། དམའ་གནོན་གློག་སྐུད་ཨ་མ་སྨི་5000བརྗེས་པ་དང་། དུད་ཚང་གི་གློག་སྐུད་སྨི་1800ཁྲིད་ཁར་རིག་ནུས་གློག་གི་ཆུ་ཚོད་26བསྒར་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།