[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྟོད་ལུང་བདེ་ཆེན་ཆུས་མི་སྤྱི་ཅུས་ཀྱིས།

    ངལ་རྩོལ་ཁེ་དབང་སྲུང་སྐྱོང་གི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-12

    ངལ་རྩོལ་འགན་སྲུང་ལྟ་ཞིབ་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས། ངལ་རྩོལ་བའི་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཟབ་གཏོང་དང་ལས་མི་བཀོད་སྤྱོད་ཚད་ལྡན་དུ་བཏང་ནས་འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་ཧུར་ཐག་གཏོད་ཆེད། ཟླ་10ཚེས་29ཉིན་ནས་ཟླ་11ཚེས་29ཉིན་བར། སྟོད་ལུང་བདེ་ཆེན་ཆུས་མི་སྤྱི་ཅུས་ཀྱིས་ཁོངས་གཏོགས་ཁུལ་གྱི་ཨར་སྐྲུན་ཁེ་ལས་15ཡི་ཞིང་པ་ལས་མི་450ལྷག་ཙམ་ལ་དུས་ཡུན་ཟླ་གཅིག་རིང་གི་ངལ་རྩོལ་ཁེ་དབང་སྲུང་སྐྱོང་གི་ཤེས་བྱ་འཆད་ཁྲིད་ཀྱི་གསོ་སྦྱོང་བྱེད་སྒོ་མུ་མཐུད་སྤེལ་རྒྱུ་རེད། བྱེད་སྒོ་དེའི་དམིགས་ཡུལ་ནི་བཟོ་པའི་ཁྲིམས་ལུགས་ཀྱི་འདུ་ཤེས་ཟབ་ཏུ་དང་བཟོ་པས་གསོ་སྦྱོང་བརྒྱུད་ཁྲིམས་ལུགས་ཀྱི་ཤེས་བྱ་གོང་མཐོར་བཏང་སྟེ་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཆགས་པར་བྱས་ནས་ཁྲིམས་མཐུན་གྱི་ཁེ་དབང་ལ་གནོད་འཚེ་ཕོག་སྐབས། ཁྲིམས་ལུགས་ཀྱི་བསམ་གཞིགས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད། 

    གསོ་སྦྱོང་ནང་གྱོད་དཔེའི་ཐོག་ནས་བཅའ་ཁྲིམས་ཁྲིད་པའི་ཐབས་ལ་བརྟེན་ནས་ངལ་རྩོལ་བཅའ་ཁྲིམས་དང་ངལ་རྩོལ་གན་རྒྱའི་བཅའ་ཁྲིམས་སོགས་གཞི་རྩའི་ཁྲིམས་ལུགས་ཀྱི་རྒྱུན་མཁོའི་ཤེས་བྱ་འཆད་ཁྲིད་བྱས་ཏེ། གསོ་སྦྱོང་ནང་ཞུགས་མཁན་གྱི་བཟོ་པས་ངལ་རྩོལ་གན་རྒྱ་འཇོག་སྐབས་དོ་སྣང་བྱེད་དགོས་པའི་གནད་དོན་ཤེས་རྟོགས་བྱེད་པ་དང་འབྲེལ། གླ་ཆ་འགྱངས་ཆད་དང་། ངལ་རྩོལ་འབྲེལ་བ་མེད་པ་བཟོ་བ། གཞུང་དོན་གྱིས་རྐྱེན་པས་རྨས་སྐྱོན་བྱུང་བ་སོགས་ཀྱི་ངལ་རྩོལ་རྩོད་གཞི་ཐོན་སྐབས་ངེས་པར་དུ“མཐུན་སྦྱོར་གདུམ་འགྲིག་དང་། ངལ་རྩོལ་གྱི་འདུམ་གཅོད། གཏུག་བཤེར་ཞུ་སྟངས”སོགས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་སྟངས་རང་འགུལ་ངང་འཚོལ་རྒྱུ་བཅས་ཤེས་སུ་འཇུག་རྒྱུ་ཡིན་པ་གསར་འགོད་པར་ཤེས་རྟོགས་བྱུང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།