[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་གྱིས།

    གློག་སྒུལ་སྦག་སྦག་གི་བེད་སྤྱོད་ཚད་ལྡན་ལ་ཤུཌ་སྣོན་བརྒྱབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-12

    གྲོང་ཁུལ་གྱི་གློག་སྒུལ་སྦག་སྦག་གི་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་ཚད་ལྡན་དུ་བཏང་ནས་གཞུང་ལམ་འགྲིམ་འགྲུལ་ནང་ཞུགས་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཕུགས་ཕན་ལྟ་འདོམས་ལམ་སྲོལ་བཙུགས་ནས《ཉིང་ཁྲི་གྲོང་ཁྱེར་གྱི་གློག་སྒུལ་སྦག་སྦག་གི་བར་བརྒལ་དུས་ཀྱི་ཐོ་འགོད་དང་འགྲོ་སྐྱོད་དོ་དམ་བྱེད་ཐབས》བཟོས་ནས་འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོང་དང་སྤྱི་ཚོགས་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ཡོད།

    གཏན་འབེབས་གསར་པའི་བླང་བྱ་གཞིར་བཟུང་། འཁོར་བདག་གིས་ཐོ་འགོད་བྱས་ནས་འཁོར་བྱང་བཟོ་སྐབས་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་བརྒྱུད་རིམ་སྟབས་བདེ་རུ་བཏང་བ་དང་ཆབས་ཅིག་དྲ་ཐོག་ཏུ་ཐོ་འགོད་དང་། འཁོར་གཏོང་ལག་ཁྱེར་མི་དགོས་པ། ལོ་བཤེར་བྱེད་མི་དགོས་པ་བཅས་ལག་བསྟར་བྱས་ནས་འཁོར་བདག་ལ་ཁུར་པོ་མེད་པ་བཟོས་པ་དང་འབྲེལ། ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་དམངས་ལ་ཕན་པ་བསྐྲུན་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱི་ཁྱབ་ཁོངས་ནང“ཚད་ལས་བརྒལ་བའི་འཁོར་རིགས”ལ་བར་བརྒལ་དུས་བཟོས་ནས་ཚད་བརྒལ་འཁོར་རིགས་འགྲིམ་འགྲུལ་ཉིང་ལག་རུ་ཁག་ཏུ་གནས་སྐབས་འཁོར་བྱང་བསྒར་བར་འགྲོ་དགོས་པ་དང་འཁོར་བྱང་བསྒར་བའི་དུས་ཚོད་2019ལོའི་ཟླ་10ཚེས་31ཉིན་བར་ཡིན། ཚད་བརྒལ་འཁོར་རིགས་ཀྱི་བར་བརྒལ་དུས་དེ་མཚམས་བཅད་དུས་ནས་བརྩིས་ན་ལོ་གཉིས་ཀྱི་རྗེས་སུ་ཡིན།

    འཁོར་བདག་ལ་ཉིང་ཁྲིའི་འགྲིམ་འགྲུལ་སྐད་འཕྲིན་སྤྱི་རྟགས་ལ་དོ་ཁུར་བྱ་རྒྱུའི་ཁྲིད་སྟོན་བྱས་ཏེ། “ཉིང་ཁྲིའི་འགྲིམ་འགྲུལ”གྱི་སྐད་འཕྲིན་སྤྱི་རྟགས་ཀྱི“གཉེར་སྒྲུབ་ཕྱོགས་སྟོན”འོག་གི“ཚད་བརྒལ་འཁོར་རིགས་ཀྱི་ཐོ་འགོད་སྙན་སེང”བརྒྱུད་སྔོན་མངག་བྱས་ནས་གཉེར་ཆོག དུས་ཚོད་སྔོན་མངག་དང་། གཞི་རྩའི་ཆ་འཕྲིན་སྐྱེལ་བ། པར་རིས་སྐྱེལ་བ་སོགས་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་ཞིབ་བཤེར་གཏན་འབེབས་བྱས་རྗེས། འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ཁྲིམས་འགལ་ཚོམས་ཆེན་ནང་ཕྱིན་ནས་གློག་སྒུལ་སྦག་སྦག་གི་ཐོ་འགོད་སྙན་སེང་སྐར་ཁུར་དུ་ཐོ་འགོད་སྙན་སེང་ལག་ཁྱེར་པར་བརྒྱབ་ནས་གདམ་ཀ་རང་བཞིན་གྱི་སྒོ་ནས་འཁོར་རིགས་ལ་འགན་བཅོལ་ཉོ་ཆོག རྗེས་སུ་གཏན་འཁེལ་གྱི་ས་ཚིགས་ནས་ཉིང་ཁྲི་གྲོང་ཁྱེར་གློག་སྒུལ་སྦག་སྦག་གི་བར་བརྒལ་དུས་ཀྱི་ཐོ་འགོད་སྙན་སེང་འཁོར་བྱང་ལེན་ཆོག

    ཉིང་ལག་རུ་ཁག་གིས་འགྲིམ་འགྲུལ་ལམ་དྲའི“ཁག་བཅུ་གཉིས་སུ་སྐྱོད་པའི”དྲིལ་བསྒྲགས་ལས་དོན་མངོན་གསལ་དོད་པོས་སྤེལ་ནས་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་སྦག་སྦག་དང་གློག་སྒུལ་འཁོར་ལོ་འཚོང་མཁན་ལ་ཁྲིམས་མཐུན་ཚད་ལོན་གྱི་གློག་སྒུལ་འཁོར་ལོ་དང་སྦག་སྦག་འཚོང་རྒྱུའི་ཁྲིད་སྟོན་བྱས་ཡོད། དེ་དང་ཆབས་ཅིག་མང་ཚོགས་ལ་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ཤེས་བྱ་དྲིལ་བསྒྲགས་བྱས་ཡོད་ལ་ཡ་རབས་མེད་པ་དང་ཚད་ལྡན་མེད་པའི་འཁོར་གཏོང་བྱེད་སྤྱོད་ལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལྡན་པ་བརྗོད་ནས་གྲོང་ཁུལ་གྱི་གློག་སྒུལ་སྦག་སྦག་གི་ཁྲོམ་ར་སྔར་བས་ཚད་ལྡན་དུ་བཏང་བ་མ་ཟད། བདེ་འཇགས་དང་གོ་རིམ་ལྡན་པའི་འགྲིམ་འགྲུལ་ཁོར་ཡུག་ཅིག་ཀྱང་བསྐྲུན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།