[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • “དཔྱིད་ཆར་འདུ་འགོད”ཀྱི་ཧྲན་ཤིས་རིག་གནས་དང་བླངས་པའི་བོད་སྐྱོད་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-12

    gongcrq9b23.jpg

    ཉེ་ཆར། 2019ལོའི“དཔྱིད་ཆར་འདུ་འགོད”ཀྱི་ཧྲན་ཤིས་རིག་གནས་དང་བླངས་པའི་བོད་སྐྱོད་བྱེད་སྒོ་དང་ཧྲན་ཤིས་ཀྱི་དམངས་ཁྲོད་མཛེས་རྩལ་འགྲེམས་སྟོན་གྱི་རིག་གནས་སྤེལ་རེས་བྱེད་སྒོ་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)དུ་སྤེལ་འགོ་ཚུགས་པ་རེད།

    ཧྲན་ཤིས་ཞིང་ཆེན་རིག་གནས་ཁང་བྱེད་སྒོ་པུའི་ཀྲུའུ་རེན་ལི་ཧྲེ་ཕིང་གིས་གསར་འགོད་པར། ཧྲན་ཤིས་ཀྱི་དམངས་ཁྲོད་མཛེས་རྩལ་གསར་གཏོད་ལ་སྔ་ཕྱི་བར་གསུམ་དུ་གདོད་མ་དང་། མང་ཚོགས་ཅན། དུས་རབས་རང་བཞིན་བཅས་མཐའ་འཁྱོངས་བྱས་ཁར་ཐོག་མའི་རྣམ་པ་མི་ཉམས་པར་དམངས་ཁྲོད་ཀྱི་ཁྱད་ཆོས་འཛིན་པ་དང“ཞིང་པའི་གནས་ཚུལ་ཞིབ་བརྗོད”འབུར་དུ་ཐོན་པར་བྱས་ཡོད། ད་དུང་སྒྱུར་བཅོས་སྒོ་དབྱེ་དང་དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་ཅན་ལས་བྱུང་བའི་འཚོ་བ་སྐྱེལ་སྟངས་ཀྱི་འཕོ་འགྱུར་ཁྲོད། སྣ་མང་ཕུན་སུམ་ཚོགས་པའི་གྲོང་གསེབ་ཀྱི་འཚོ་བ་དང་ཕ་ཡུལ་གྱི་དྲན་འཆར་དྲིལ་བསྒྲགས་དང་། སློབ་གསོ། འཚོ་བ་མཛེས་བཟོ་བཅས་ཀྱི་ནུས་པ་གལ་ཆེན་ཡང་ཐོན་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།