[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་སྐྱོང་ལྗོངས་བཙོན་ཁང་དོ་དམ་ཅུས་ཀྱིས།

    ལྗོངས་ཡོངས་ཀྱི་བཙོན་ཁང་ཁོངས་གཏོགས་ཀྱི་གནད་དོན་དང་མངོན་མེད་རྐྱེན་ངན་ཆེད་དོན་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-12

    ཉིན་ཤས་གོང་། ཁྲིམས་འཛིན་པུས་འཚོགས་པའི་རྒྱལ་ཡོངས་བཙོན་ཁང་གི་གནད་དོན་ཞིབ་བཤེར་བྱེད་པའི་ཆེད་དོན་བཅོས་སྒྲིག་དང་དག་ཐེར་གསོ་སྦྱོང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་ཆེད། ཉེ་ཆར། རང་སྐྱོང་ལྗོངས་བཙོན་ཁང་དོ་དམ་ཅུས་ཀྱིས་ལྗོངས་ཡོངས་ཀྱི་བཙོན་ཁང་ཁོངས་གཏོགས་ཀྱི་གནད་དོན་དང་མངོན་མེད་རྐྱེན་ངན་ཆེད་དོན་བཅོས་སྒྲིག་དང་དག་ཐེར་བྱེད་པའི་བརྙན་ལམ་ཚོགས་འདུ་འཚོགས་པ་རེད།

    ཚོགས་འདུའི་ཐོག་རྒྱལ་ཡོངས་བཙོན་ཁང་གི་གནད་དོན་ཞིབ་བཤེར་བྱེད་པའི་ཆེད་དོན་བཅོས་སྒྲིག་དང་དག་ཐེར་གསོ་སྦྱོང་གི་དགོངས་དོན་དང་། ལྷག་པར་དུ་ཁྲིམས་འཛིན་པུའི་པུའུ་ཀྲང་ཧྥུའུ་ཀྲེང་ཧྭའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ད་དུང་ལྗོངས་ཡོངས་ཀྱི་བཙོན་ཁང་ཁོངས་གཏོགས་ཀྱི་གནད་དོན་ཆེད་དོན་བཅོས་སྒྲིག་དག་ཐེར་བྱེད་པའི་ནང་དོན་དང་། དག་ཐེར་བླང་བྱ། ལས་ཀའི་གོ་རིམ་སོགས་བཀོད་སྒྲིག་བྱས་པ་རེད།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་བཙོན་ཁང་ཁོངས་གཏོགས་ཀྱིས་དག་ཐེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཞིབ་འཇུག་བཀོད་སྒྲིག་ཡག་པོ་བྱས་ཏེ། དག་ཐེར་ལ་ཕན་འབྲས་དངོས་ཐོབ་པའི་འགན་ལེན་བྱེད་དགོས་ཤིང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། བཅའ་སྡོད་རྣམ་པར་བརྟེན་ནས་གནད་དོན་དང་མངོན་མེད་རྐྱེན་ངན་ལ་ཆེད་དོན་བཅོས་སྒྲིག་དང་དག་ཐེར་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། ལས་འགན་དང་དམིགས་ཚད་ལ་དམ་པོར་དམིགས་ནས། དག་ཐེར་བྱེད་ཐབས་ཁག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོབ་པའི་འགན་ལེན་བྱེད་དགོས། ཁྲིམས་འཛིན་པུའུ་དང་ཁྲིམས་འཛིན་ཐིང་གི་དག་ཐེར་ཇུས་གཞིའི་བླང་བྱ་ལྟར་རང་བཤེར་དང་སྣོལ་བཤེར་གཏིང་ཟབ་བྱས་ནས། འཕྲལ་སྒྲུབ་འཕྲལ་བཅོས་དང་ཤེས་འཕྲལ་ལེགས་བཅོས་བྱེད་དགོས་པ་མ་ཟད། ད་དུང་དག་ཐེར་གྱི་དུས་ཚད་དང་ལས་འགན་གྱི་བླང་བྱ་ཁ་གསལ་བཟོས་ནས། ཞིབ་ཕྲ་ཅན་གྱི་དོ་དམ་དང་། བཅོས་ཐབས་ཆེན་པོ་ལྔ། དག་ཐེར་བྱེད་ཐབས་ཁག་བཅས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། ལས་ཀའི་བླང་བྱ་ནན་དུ་བཏང་ཐོག་ཆེད་དོན་བཅོས་སྒྲིག་དག་ཐེར་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། བཙོན་ཁང་ལས་དོན་གྱི་བཅོས་སྒྲིག་ནུས་པ་ཆེ་རུ་དང་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཕུགས་ཕན་ལམ་སྲོལ་འཛུགས་དགོས་ཤིང་། སྐུལ་སློང་དང་བྱ་དགའ་ཆད་གཅོད་ལམ་སྲོལ་དོན་འཁྱོལ་དང་ལམ་ལུགས་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། གཅིག་སྡུད་བཅོས་སྒྲིག་དང་དག་ཐེར་གྱི་ཕུགས་ཕན་ལམ་སྲོལ་འཛུགས་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།