[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྗོངས་ཚོང་དོན་ཐིང་གི་ལས་བྱེད་པས།

    ཁྲིམས་རའི་འདྲི་གཅོད་ཟུར་ཉན་བྱས་ཏེ་ཁྲིམས་བཞིན་སྲིད་སྐྱོང་བའི་འཇོན་ཐང་ཆེ་རུ་གཏོང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-12

    ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་སྐྱོང་གི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁྲིམས་སྐྱོང་བོད་ལྗོངས་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ་འགོ་ཁྲིད་ལས་བྱེད་པའི་ཁྲིམས་སྦྱོང་ཁྲིམས་སྤྱོད་དང་། ཁྲིམས་བཞིན་སྲིད་སྐྱོང་བའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་ཆེད། ཉིན་ཤས་གོང་། ཚོང་དོན་ཐིང་གིས་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ་20སྒྲིག་འཛུགས་བྱས་ཏེ་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་མི་སྒེར་གྱིས་ཞུ་གཏུག་བརྒྱབ་པའི་སྲིད་གཞུང་སྡེ་ཚན་སྲིད་འཛིན་གྱིས་སྒྲིག་འགལ་ངང་ཁང་པ་བཤིག་པའི་རྩོད་གཞིའི་གྱོད་གཞིའི་ཁྲིམས་རའི་འདྲི་གཅོད་ཟུར་ཉན་བྱས་པ་རེད།

    ཁྲིམས་རའི་འདྲི་གཅོད་བྱས་རྗེས། སྲིད་འཛིན་ཁྲིམས་འཛིན་གྱི་གོ་རིམ་དང་། བཅའ་ཁྲིམས་བེད་སྤྱོད། ཁྲིམས་འཛིན་གྱི་ཞིབ་ཕྲའི་གནས་ཚུལ་སོགས་ཚང་མས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་ལ་ཐེངས་འདིའི་ཁྲིམས་རའི་འདྲི་གཅོད་ཀྱི་འདྲི་གཅོད་དཔོན་དང་སྤེལ་རེས་གཏིང་ཟབ་བྱས་པ་རེད། ཚང་མས་ཁྲིམས་རའི་འདྲི་གཅོད་ལ་ཟུར་ཉན་བྱས་པ་བརྒྱུད། ཁྲིམས་རའི་འདྲི་གཅོད་ལ་བརྟེན་ནས་སློབ་གསོ་གཏོང་བ་དང་གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་གསལ་འགྲེལ་བྱས་པས་ང་ཚོར་སྐུལ་མ་ཤུགས་ཆེན་ཐེབས་པ་མ་ཟད། སྤྱོད་སྒོ་ཆེ་བའི་ཁྲིམས་བཞིན་སྲིད་སྐྱོང་བའི་ཤེས་བྱ་དང་ཉམས་མྱོང་མང་དག་ཅིག་ཤེས་བྱུང་ལ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་སྲིད་སྐྱོང་བར་སྐུལ་འདེད་གཏོང་བ་དང་གོ་རིམ་བཞིན་སྲིད་འཛིན་ཁྲིམས་འཛིན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། སླད་ཕྱིན་ཁྲིམས་རའི་འདྲི་གཅོད་ཟུར་ཉན་གྱི་བྱེད་སྒོ་རྟག་ཏུ་སྒྲིག་འཛུགས་བྱ་རྒྱུའི་རེ་བ་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།