[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་གྱིས།

    རྒྱལ་གཅེས་རིང་ལུགས་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-12

    ཉེ་ཆར། ཆབ་མདོ་གྲོང་ཨུད་ཀྱི་འཆད་ཁྲིད་ཚོགས་པ་རི་བོ་ཆེ་རྫོང་རི་བོ་ཆེ་གྲོང་རྡལ་དུ་བསྐྱོད་དེ་ཉེ་འགྲམ་གྱི་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་། ཞིང་འབྲོག་པ་ཏང་ཡོན། མང་ཚོགས་ཀྱི་འཐུས་མི་བཅས་ལ་རྒྱལ་གཅེས་རིང་ལུགས་སྒྲོག་འགྲེལ་བྱས་པ་རེད།

    གནམ་བཀྲ་གྲོང་ཚོའི་ཨུ་ལྷན་དུ་འཆད་ཁྲིད་ཚོགས་པའི་དགེ་རྒན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཟུང་འབྲེལ་དང་། པར་རིས་དང་ཡིག་རིགས་ཟུང་འབྲེལ་གྱི་རྣམ་པར་བརྟེན་ནས་གོ་བདེ་རྟོགས་སླ་བའི་སྐད་ཆ་སྤྱད་དེ“ཐོག་མའི་བསམ་འདུན་མ་བརྗེད་པ་དང་། བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས། ནམ་ཡང་ཏང་གི་རྗེས་སུ་འབྲང་བ་བཅས་དང་། མེས་རྒྱལ་གྱི་ཆེད་དུ། རང་རྟོགས་ངང་བྱ་སྤྱོད་སྤེལ་བ་དང་། དཀའ་གནད་སེལ་བ། འགྱུར་ལྡོག་གླེང་བ་དང་། ཕྱུག་འགྱུར་གྱི་འཆར་གཞི་འདིང་བ། བཀའ་དྲིན་ཚོར་བ། ལོ་རྒྱུས་ཀྱི་དཔང་པོ་བྱེད་པ་དང་། བདེན་དཔང་ཁུངས་བཙན་རི་རབ་ལྟ་བུ། རྒྱལ་ཁབ་ཀྱི་ས་ཆ་སྲུང་བ། ངོ་བོ་གསལ་རྟོགས་དང་། ལངས་ཕྱོགས་བརྟན་པོ། དབྱེ་མཚམས་གསལ་པོ་ཕྱེ་བ། ཁྲིམས་སྦྱོང་ཁྲིམས་སྲུང་དང་། རང་སྟོབས་རང་སྤེལ། བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པ”བཅས་ཕྱོགས་དྲུག་ལ་དམ་པོར་དམིགས་ནས་ཞིང་འབྲོག་མང་ཚོགས་ལ་བོད་རྙིང་པའི་ཞིང་བྲན་གྱི་འཚོ་བ་དངོས་དང་། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་འགྱུར་ལྡོག སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་བོད་ལ་ཐོབ་པའི་གྲུབ་འབྲས་གསར་པ་བཅས་འགྲེལ་བཤད་ནན་ཏན་བརྒྱབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།