[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལུས་སྦྱོང་སྔོན་འཇལ་གཱ་ཡི་ཞུ་གཏུག་དང་ཐེར་འདོན་བྱེད་ཚད་འཕར་མགྱོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-05

    ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྡོམ་ཅུས་12315ཞུ་གཏུག་ཐེར་འདོན་བཀོད་འདོམས་ལྟེ་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། ལྟེ་གནས་དེས་འཛད་སྤྱོད་པའི་རེ་ཞུ་སྣ་ཚོགས་11097བདག་སྤྲོད་བྱས་པའི་ནང་བློ་འདྲིའི་རིགས་8342དང་། ཞུ་གཏུག་རིགས་1937 ཐེར་འདོན་རིགས་799 ཉེས་འདོན་རིགས་19བཅས་ཡོད་པ་རེད། འཛད་སྤྱོད་པའི་ཞུ་གཏུག་དང་ཐེར་འདོན་གྱི་གནད་དོན་གཙོ་བོ་བཟའ་བཅའ་དང་། སྨན་རྫས། ཟོག་གོང་། གྱོན་ཆས་། རླངས་འཁོར་ཉམས་གསོ། སྔོན་འཇལ་གཱ་སོགས་ཀྱི་ཐད་གཅིག་ཏུ་བསྡུས་པའི་ནང་སྔོན་འཇལ་གཱ་ཡི་འཛད་སྤྱོད་པའི་རྩོད་གཞི་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་ལྷག་པར་དུ་ལུས་སྦྱོང་སྔོན་འཇལ་གཱ་ཡི་ཞུ་གཏུག་ཐེར་འདོན་བྱེད་ཚད་འཕར་མགྱོགས་པོ་ཡོད་པ་རེད།

    liy9a1272.jpg

    ཉེ་བའི་ལོ་ཤས་རིང་། སྔོན་འཇལ་གཱ་འཛད་སྤྱོད་ཀྱི་བེད་སྤྱོད་ཁྱབ་ཁོངས་ཇེ་ཆེར་སོང་བ་དང་བསྟུན་ནས་སྔོན་འཇལ་གཱ་ཡི་འཛད་སྤྱོད་རྩོད་གཞི་ཡང་མངོན་གསལ་དོད་པོས་མང་དུ་སོང་ཡོད། སྔོན་འཇལ་གཱ་ཡི་འཛད་སྤྱོད་གཙོ་བོ་མཛེས་བཟོ་སྐྲ་བཞར་དང་། གཟུགས་པོ་འཁྲུ་བ། ལུས་སྦྱོང་སོགས་ཞབས་ཞུའི་ལས་རིགས་སུ་གཅིག་ཏུ་བསྡུས་པ་དང་ལྷག་པར་དུ་ལུས་སྦྱོང་སྔོན་འཇལ་གཱ་ཡི་གནད་དོན་ཞུ་གཏུག་དང་ཐེར་འདོན་བྱེད་ཚད་འཕར་མགྱོགས་པོ་ཡོད་པ་རེད། ལུས་སྦྱོང་སྔོན་འཇལ་གཱ་ཡི་ཞུ་གཏུག་གི་གནད་དོན་གཙོ་བོ་ལུས་སྦྱོང་བྱ་ཡུལ་གྱིས་གློག་བུར་དུ་སྒོ་བརྒྱབ་ནས་སྔོནན་འཇལ་གཱ་བེད་སྤྱོད་བྱེད་ཐབས་བྲལ་བ་དང་། ལུས་སྦྱོང་བྱ་ཡུལ་ནང་བཤུག་གཏོང་བའམ་ཡང་ན་གནས་སྤོས་ཀྱང་ལུས་སྦྱོང་བྱ་ཡུལ་དེས་དངུལ་ལྷག་མ་རྣམས་ཕྱིར་མ་སློག་པར་འཛད་སྤྱོད་པར་སྔ་སྣུར་དུ་འཛད་སྤྱོད་བྱེད་དུ་བཅུག་པའམ་ཡང་ན་ལུས་སྦྱོང་བྱ་ཡུལ་གཞན་དག་ལ་སྤོ་སྒྱུར་བྱས་པ། སྔོན་འཇལ་གཱ་ལ་གོ་ཆོད་དུས་ཚོད་མ་བཀོད་པར་ལུས་སྦྱོང་བྱ་ཡུལ་གྱིས་དུས་ཚོད་ཡོལ་བར་ཁ་གཡར་ནས་ཞབས་ཞུ་དང་ལེན་མི་བྱེད་པ་སོགས་རེད།

    ཤ་ཚའི་དྲན་སྐུལ།

    རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྡོམ་ཅུས་12315ཞུ་གཏུག་ཐེར་དོན་ལྟེ་གནས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པར་དྲན་སྐུལ་བྱས་དོན། སྔོན་འཇལ་གཱ་མ་གཉེར་གོང་གཉེར་སྐྱོང་བྱེད་མཁན་གྱི་ལས་གཉེར་ལག་ཁྱེར་ལ་ཡག་པོ་བལྟས་ནས་གཉེར་སྐྱོང་གི་ཐོབ་ཐང་གཙོ་བོ་ངོས་འཛིན་ངེས་གཏན་བྱེད་དགོས། ལག་ཁྱེར་ཆ་ཚང་འཛོམས་པ་དང་། གཙོ་གཉེར་སྡེ་ཚན་ལ་ཐོ་འགོད་སྙན་སེང་བྱས་པ། ཁྲོམ་རའི་ཡིད་ཆེས་བྱེད་ཚད་མཐོ་བ། གཉེར་སྐྱོང་གི་གནས་ཚུལ་ཡག་པོ་ཡོད་པ་བཅས་ཀྱི་ཚོང་དུད་གདམ་ག་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད་རེད།

    སྔོན་འཇལ་གཱ་གཉེར་སྐབས་ཡག་ཤོས་བྱུང་ན་ལུགས་མཐུན་གྱི་གཟིགས་སྐྱོང་བྱེད་ཚད་ལས་བརྒལ་བའི་གཱ་མ་གཉེར་བར། དོན་མེད་ཀྱི་གྱོང་གུན་མི་ཕོག་པ་བྱེད་པ་དང་ཆབས་ཅིག ཡིག་ཐོག་གྲོས་མཐུན་བཞག་ནས་སྔོན་འཇལ་གྱི་དངུལ་གྲངས་ཉུང་དུ་གཏོང་བ་དང་། དུས་བཅད་ཅུང་ཐུང་བའི་སྔོན་འཇལ་གཱ་གང་ཐུབ་ཅི་ཐུབ་ཀྱིས་གདམ་ག་བྱེད་དགོས། གཱ་གཉེར་རྗེས་ངེས་པར་དུ་འཛིན་ཤོག་བླངས་ཏེ་འཛིན་ཤོག་དང་འཛད་སྤྱོད་ཀྱི་དཔང་རྟགས་ལ་དོ་དམ་ཡག་པོ་བྱས་ནས་གལ་སྲིད་རྩོད་གཞི་ཐོན་ཚེ་ཞུ་གཏུག་རྒྱག་པར་སྟབས་བདེ་སྐྲུན་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།