[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • འགོ་འཇོ་རྫོང་ལྷ་རྒྱལ་ཤང་གིས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-05

    ཉེ་ཆར། འགོ་འཇོ་རྫོང་དུ་གནམ་གཤིས་གྲང་དུ་ཕྱིན་ནས་གངས་བབས་པར་བརྟེན་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་མང་ཚོགས་ཀྱི་མེ་སྤྱོད་དང་གློག་སྤྱོད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ནུས་ལྡན་སེལ་ཆེད། འགོ་འཇོ་རྫོང་ལྷ་རྒྱལ་ཤང་གིས་མི་སྣ་སྒྲིག་འཛུགས་བྱས་ཏེ་གྲོང་ཚོ་དང་དུད་ཚང་དུ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་ལས་དོན་སྤེལ་བ་རེད།

    དུད་ཚང་དུ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་རིང་། ལས་དོན་མི་སྣས་མང་ཚོགས་ལ་བདེ་འཇགས་ངང་མེ་སྤྱོད་གློག་སྤྱོད་ཀྱི་ཤེས་བྱ་དང་འཕྲལ་སྡོམ་རང་སྐྱོབ་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་དང་འབྲེལ། མང་ཚོགས་ཁྱིམ་དུ་གློག་སྐུད་གང་བྱུང་དུ་ཁྲིད་པ་དང་མེ་ཤིང་གང་སར་འཇོག་པ་སོགས་ཀྱི་མངོན་མེད་རྐྱེན་ངན་གྱི་གནད་དོན་དུས་ཐོག་ཏུ་དག་ཐེར་བྱ་རྒྱུའི་སྐུལ་ལྕག་བྱས་པ་རེད། ད་ཐེངས་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་སྐབས། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་3གྲལ་བཤེར་ཐུབ་པས་ལས་དོན་མི་སྣས་འཕྲལ་མར་དག་ཐེར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།