[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་ཀྱིས་ལྗོངས་ཕྱི་དང་ཁྲིམས་རྩོད་པའི་མཐུན་ཚོགས་སམ་ཁྲིམས་རྩོད་པའི་ལས་དོན་ཁང་གི་མཉམ་སྐྲུན་བྱེད་སྒོ་ཐེངས་དང་པོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-05

    ཁྲིམས་རྩོད་པའི་ལས་རིགས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ནས་སྤེལ་རེས་དང་མཉམ་ལས་སྔར་བས་ཟབ་ཏུ་གཏོང་ཆེད། ཉེ་ཆར་ཅི་ནན་གྲོང་ཁྱེར་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱི་འཐུས་མི་ཚོགས་པ་དང་བཅས་པ་བོད་དུ་མཛའ་གྲོགས་མཉམ་སྐྲུན་བྱེད་སྒོ་སྤེལ་བར་ཡོང་བ་རེད།

    ད་ཐེངས་ཀྱི་བྱེད་སྒོ་བརྒྱུད། ས་གནས་གཉིས་ཀྱི་ཁྲིམས་རྩོད་པའི་མཐུན་ཚོགས་དང་ཁྲིམས་རྩོད་པའི་ལས་དོན་ཁང་གིས་སྤེལ་རེས་མཉམ་སྤྱོད་ཀྱི་ལས་སྟེགས་དང་ཁ་གཏད་རོགས་སྐྱོར་གྱི་སྦྲེལ་ཟམ་བཏོད་པ་བརྒྱུད། མཛའ་བཤེས་ཟབ་མོ་ཆགས་ཡོད། སླད་ཕྱིན་ཕྱོགས་གཉིས་པོས་སྒོ་དབྱེ་དང་། ཁོང་ཡངས། རོགས་རེས་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཀྲུང་གོའི་ཁྲིམས་རྩོད་པའི་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་རང་འཁྲིའི་ལས་འགན་ལ་བརྩི་བ་དང་། སྤེལ་རེས་དང་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན། ནུས་ཤུགས་མཉམ་འདོན་གྱིས་ཆེད་ལས་ཅན་གྱི་ཁྲིམས་ལུགས་མི་སྣ་གསོ་སྐྱོང་། བཅའ་ཁྲིམས་ཞབས་འདེགས་ཐོན་ཁུངས་མཉམ་སྤྱོད་དང་ས་ཁོངས་ལེགས་ཆ་ཁ་གསབ་ལ་ཐུན་མོང་ཐོག་སྐུལ་འདེད། ཁྲིམས་སྐྱོང་བོད་ལྗོངས་ལས་དོན་ལ་ཞུགས་པའི་རྒྱ་ཆེའི་བཅའ་ཁྲིམས་ཞབས་འདེགས་ལས་དོན་མི་སྣའི་སྤྲོ་སེམས་དང་གདེང་ཚོད་འཕེལ་བར་བྱེད་པ། ཁ་གཏད་བཅའ་ཁྲིམས་རོགས་སྐྱོར་གྱི་ལེའུ་གསར་པ་རྩོམ་པ་བཅས་བྱས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ཁྲིམས་སྐྱོང་གི་དུས་རབས་གསར་པ་གཏོད་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་རེད།

    བྱེད་སྒོ་སྤེལ་རིང་། བོད་ལྗོངས་ཁྲིམས་རྩོད་པའི་མཐུན་ཚོགས་དང་ཅི་ནན་གྲོང་ཁྱེར་གྱི་ཁྲིམས་རྩོད་པའི་མཐུན་ཚོགས་དང་། ཧྲན་ཏུང་ཧོན་ཀྲོའུ་ཁྲིམས་རྩོད་པའི་ལས་དོན་ཁང་དང་བོད་ལྗོངས་པོ་ཝེ་ཁྲིམས་རྩོད་པའི་ལས་དོན་ཁང་གིས་མཉམ་དུ་མཛའ་མཐུན་གྲོས་ཡིག་ལ་མིང་རྟགས་བཀོད་ནས་ས་གནས་གཉིས་ཀྱི“མཛའ་མཐུན་ཁྲིམས་རྩོད་པའི་མཐུན་ཚོགས”དང“མཛའ་མཐུན་ཁྲིམས་རྩོད་པའི་ལས་དོན་ཁང”གི་འབྲེལ་བ་དངོས་སུ་བཙུགས་པ་རེད། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་དང་ཧྲན་ཏུང་ས་གནས་གཉིས་ཀྱིས“1+1”གི་ཀྲུང་གོའི་བཅའ་ཁྲིམས་རོགས་སྐྱོར་གྱི་དང་བླངས་པའི་བྱ་སྤྱོད་དང་། ནུབ་རྒྱུད་དུ་ཁྲིམས་རྩོད་པ་མེད་པའི་རྫོང་ལ་ཁྲིམས་རྩོད་པ་རོགས་རམ་བྱེད་པར་མངཌ་པ། བོད་སྐྱོར་ཁྲིམས་རྩོད་པའི་ཞབས་འདེཌ་ཚོགས་པ་མངགས་པ་སོགས་ཀྱི་བྱེད་སྒོ་སྤེལ་རིང་མཛའ་གྲོཌ་ཟབ་མོ་ཆཌ་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།