[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་ཀྱིས་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ཀྱི་བརྙན་ལམ་སྐུལ་འདེད་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-05

     ཉིན་ཤས་ གོང་། ལྗོངས་ཡོངས་ཀྱི་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ཀྱི་བརྙན་ལམ་སྐུལ་འདེད་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ལས་འགན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་སྐུལ་འདེད་ཚོགས་འདུ་ཐེངས་2པའི་དགོངས་དོན་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷ་ཡིས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་དང་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་ལྗོངས་ཀྱི་ཆེད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་སྡོམ་དང་དུས་བབ་དང་ལས་འགན་དབྱེ་ཞིབ་བྱས་ནས་གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་གསུང་བཤད་གནང་བ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤྱི་བདེ་ཐིང་གི་ཐིང་ཀྲང་ཀྲང་ཧུང་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་ཡོན་ཀྲང་བསོད་དར། ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཅན་ཁྲ་ཀྲང་ཀྲུའུ་ཡ་ཕིན་ཚོགས་འདུར་ཕེབས་པ་བཅས་རེད།

    ཧོ་ཝུན་ཧའོ་ཡིས། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་འགག་སྒྲོལ་གྱི་དུས་མཚམས་གསར་པར་སླེབས་ཡོད་པས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འདི་ལོའི་བཅོས་སྒྲིག་གཏིང་ཟབ་བྱེད་པའི་དམིགས་ཚད་མངོན་འགྱུར་ཐུབ་པར་དམ་པོར་དམིགས་པ་དང་། དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་མི་རིགས་མཐའ་མཚམས་ས་ཁུལ་གྱི་དམིགས་བསལ་རང་བཞིན་དམ་འཛིན་ནན་པོ། དེང་སྐབས་ལ་གཞི་ཚུགས་པ་དང་། ཕུགས་ལ་དམིགས་པ། འགག་སྒྲོལ་ཧུར་ཐག བསམ་བློའི་སྣེ་ཁྲིད་མཐའ་འཁྱོངས་བཅས་བྱས་ཏེ་ངོས་འཛིན་གཏིང་ཟབ་ཐད་སླར་ཡང་མཐོ་ཚད་གསར་པར་སླེབས་པ་བྱེད་དགོས་པ་དང་། ཁྲིམས་བཞིན་ཆད་པ་ནན་པོ་གཅོད་རྒྱུ་མཐའ་འཁྱོངས་བྱས་ནས་བཅོས་སྒྲིག་གཏིང་ཟབ་བྱེད་པའི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་པ། མཉམ་འདྲེས་མཉམ་འགུལ་མཐའ་འཁྱོངས་བྱས་ནས་ཕྱོགས་བསྡུས་བཅོས་སྐྱོང་ཐད་ཕན་འབྲས་གསར་པ་ཐོན་པ་བྱེད་པ། ཡུན་རིང་བཅོས་པ་དང་རྒྱུན་དུ་ཕན་འབྲས་ཐོན་པ་མཐའ་འཁྱོངས་བྱས་ནས་ལམ་སྲོལ་བརྟན་གཏོང་ཐད་བྱས་རྗེས་གསར་པ་འཇོག་པ། ཡང་དག་པའི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་བསྡུར་ཐད་འཕེལ་རིམ་གསར་པ་ཡོང་བ་བྱེད་པ། འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་འཛུགས་པའི་ཐད་ཉམས་འགྱུར་གསར་པ་མངོན་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།