[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-05

    ལྷ་སའི་མཁའ་དབྱིངས་གྲུ་ཁ་སྔར་ལས་འཆམ་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་བ་དང་། ས་མཚམས་གྲུ་ཁར་ཡུལ་དངོས་སུ་ཁྲིམས་ལུགས་རྟོགས་པ་དང་། སྤྱོད་པ། སྲུང་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་སྐྲུན་ཆེད། ཉེ་ཆར། ལྷ་ས་རྒྱལ་མཚམས་འཛུལ་སྒྲོལ་ཞིབ་བཤེར་ས་ཚིགས་ཀྱིས་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། ལས་སྒྲུབ་མི་དམངས་ཉེན་རྟོག་པས་རྒྱལ་མཚམས་འཛུལ་སྒྲོལ་གྱི་ཁྲིམས་ལུགས་ཁྲིམས་སྲོལ་ལག་དེབ་སྤྲད་པ་དང་། བློ་འདྲིའི་སྟེགས་བུ་བཙུགས་ནས་ཡུལ་སྐོར་བ་རྣམས་ཀྱི་དོགས་གཞི་བསལ་བ་དང་། LEDསྒྲིལ་ཤེལ་སྤྱད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས། རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་ཡུལ་སྐོར་བ་རྣམས་ལ་ཁྲིམས་ལུགས་དྲིལ་བསྒྲཌ་ཀྱི་སློབ་གསོའི་བྱེད་སྒོ་སྤེལ་བ་རེད། ཤེས་རྟོཌ་བྱུང་བར་གཞིཌ་ན། ད་ཐེངས་ཀྱི་བྱེད་སྒོར་དྲིལ་བསྒྲཌ་ལག་དེབ་ཁྱོན་120ལྷག་ཙམ་སྤྲད་པ་དང་། ཁྲིམས་ལུཌ་ཤེས་བྱའི་བློ་འདྲི་ཐེངས་50ལྷག་ཙམ་མཁོ་འདོན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།