[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྗོངས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱིས།

    ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-29

    ཉེ་ཆར། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ལྷ་སར་ལྗོངས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།

    གསོ་སྦྱོང་གི་དུས་ཡུན་ཉིན་གཉིས་ཡིན་པ་དང་། བོད་ལྗོངས་སློབ་ཆེན་སྲིད་ཁྲིམས་སློབ་གླིང་དང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ནག་སེལ་གཤེད་བཅོམ་གཞུང་ལས་ཁང་། རང་སྐྱོང་ལྗོངས་བཙོན་ཁང་དོ་དམ་ཅུས་བཅས་ནས་ཉམས་མྱོང་ཕུན་སུམ་ཚོགས་པའི་དགེ་རྒན་སློབ་ཚན་འཁྲིད་པར་གདན་དྲངས་ཡོད་པ་རེད། གསོ་སྦྱོང་གི་ནང་དོན་གཙོ་བོ་ནི་མཐོ་གཉིས་དང་པུའུ་གཉིས་ཀྱི《ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་གྱོད་གཞི་སྒྲུབ་གཉེར་གནད་དོན་སྐོར་གྱི་མཛུབ་ཁྲིད་བསམ་འཆར》དང་། ཁུངས་སྣེ་ཞིབ་བསྡུར་བྱེད་ཚད་མཐོ་རུ་ཇི་ལྟར་གཏོང་བ་དང་། དེ་བཞིན་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཇི་ལྟར་ལེན་རྒྱུ་དེ་རེད། གསོ་སྦྱོང་བྱེད་རིང་སློབ་མ་སྒྲིག་འཛུགས་བྱས་ནས་རང་སྐྱོང་ལྗོངས་བཙོན་ཁང་གི་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ཀྱི་ལས་དོན་སྤེལ་ཚུལ་ལ་ལྟ་སྐོར་སློབ་སྦྱོང་བྱས་པ་རེད།

    གསོ་སྦྱོང་བྱེད་སྐབས། རང་སྐྱོང་ལྗོངས་ཁྲིམས་འཛིན་ཁོངས་གཏོགས་ཀྱི་རིམ་ཁག་སྡེ་ཚན་དང་ཏང་ཡོན་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་ཚོགས་འདུའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ནས་ཆབ་སྲིད་ཀྱི་ཚུགས་གནས་བརྟན་དུ་གཏོང་བ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། དུས་ཚོད་ཀྱིས་མི་མི་སྒུག་པ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་ཀྱི་ཐོག་ནས་ཆེད་དོན་འཐབ་རྩོད་ནང་ཞུགས་པ་བཅས་བྱས་ཏེ། རང་ལྗོངས་ཀྱིས་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།