[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྣེའུ་ཁུལ་གསར་གྱི་ཀོག་ཧྥེ་ཁང་ཞིག་ནས་རྒྱན་པོ་འགྱེད་མཁན་མི་9བཟུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-22

     རིགས་ཁག་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་སྔར་བས་རྡུང་རྡེག་བཏང་སྟེ་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་ཆེ་རུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས“འཆལ་རྒྱན་དུག་གསུམ”སོགས་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད། ཉེ་ཆར། སྣེའུ་ཁུལ་གསར་སྤྱི་བདེ་ཅུས་བདེ་འཇགས་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་རྒྱན་འགྱེད་མཁན་མི་9རྩད་ཆོད་ཐུབ་པ་རེད།

    ཟླ་9ཚེས་30ཉིན་གྱི་ཕྱི་དྲོར། སྣེའུ་ཁུལ་གསར་སྤྱི་བདེ་ཅུས་བདེ་འཇགས་རུ་ཆེན་གྱིས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ཁུལ་དུ་གཙང་སེལ་ཞིབ་བཤེར་ལས་དོན་སྤེལ་བ་རེད། ཆུ་ཚོད་17དང་སྐར་མ་30ལྷག་ཙམ་ལ་ཉེན་རྟོག་པས་ཀོག་ཧྥེ་ཁང་ཞིག་ལ་ཞིབ་བཤེར་བྱེད་སྐབས། ཏག་སེ་བརྒྱབ་ནས་རྒྱན་འགྱེད་མཁན་ཧོང་ཆེ་གེ་མོ་དང་ཝང་ཆེ་གེ་མོ་སོགས་མི་5བཟུང་སྟེ་རྒྱན་དངུལ་སྒོར་29800ཞིབ་བཤེར་རྩད་ཆོད་ཐུབ་པ་རེད།

    མིག་སྔར། སྣེའུ་ཁུལ་གསར་སྤྱི་བདེ་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། ཧོང་ཆེ་གེ་མོ་དང་ཝང་ཆེ་གེ་མོ་སོགས་མི་5ལ་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་ཉིན་15སོ་སོར་བྱས་པ་དང་སྦྲགས། དངུལ་ཆད་སྒོར་1900བཏང་བ་དང་། ཏེང་ཆེ་གེ་མོ་དང་ཀྲོའུ་ཆེ་གེ་མོ་སོགས་མི་4སོ་སོར་སྲིད་འཛིན་བཀག་ཉར་ཉིན་13བྱས་པ་དང་འབྲེལ། དངུལ་ཆད་སྒོར་1000བཏང་བ་དང་། དེ་དང་ཆབས་ཅིག ཀོག་ཧྥེ་ཁང་དེར་ཞིབ་བཤེར་བསམ་འཆར་ཡི་གེ་སྤྲད་དེ་དུས་བཀག་ལྟར་དག་ཐེར་དང་ཚུར་ལན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ལྷ་སའི་སྤྱི་བདེ་ཉེན་རྟོག་པས། འཚོ་བར་གཅེས་སྤྲས་དང་རྒྱན་འགྱེད་རིང་དུ་སྤངས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་རྒྱན་འགོག་གི་བྱ་སྤྱོད་ལ་ཧུར་ཐག་ཞུགས་ནས་སྤྱི་བདེ་ལས་ཁུངས་ལ་རྒྱན་འགྱེད་ཀྱི་ཁྲིམས་འགལ་ཉེས་གསོག་ཁུངས་སྣེ་དུས་ཐོག་ཏུ་མཁོ་སྤྲོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུའི་དྲན་སྐུལ་བྱས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།