[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་གྱི་ནག་སེལ་གཤེད་བཅོམ་དང་ལོག་རྡུང་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-15

     ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་གྱིས་ནག་སེལ་གཤེད་བཅོམ་དང་ལོག་རྡུང་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ལས་དོན་སྤེལ་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་གསལ། ནག་སེལ་གཤེད་བཅོམ་དང་ལོག་རྡུང་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ལས་དོན་སྤེལ་ཚུན། ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ལག་བསྟར་ཞིབ་ཚགས་དང་། འཕྲལ་མར་སྐུལ་འདེད་གཏོང་བ། དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ་ཆེད་དོན་འཐབ་རྩོད་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད།

    མིག་སྔའི་བར་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ཁུངས་སྣེ་146བདག་སྤྲོད་བྱས་པ་དང་། ངན་གཤེད་དང་འབྲེལ་བའི་གྱོད་གཞི་ཁག་32གྱོད་དོན་ཐོ་འགོད་བྱས་པ། ཉེས་གསོག་དོགས་ཅན་138འཛིན་བཟུང་བྱས་པ། ངན་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་ཚོགས་པའི་གྱོད་གཞི་6གྱོད་དོན་ཐོ་འགོད་བྱས་པ། ངན་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་གྱོད་གཞི་ཁག་3གྱོད་དོན་ཐོ་འགོད་བྱས་པ། ངན་གཤེད་དང་འབྲེལ་བའི་གྱོད་གཞི་རིགས་དགུ་ཡི་གྱོད་གཞི་21གྱོད་དོན་ཐོ་འགོད་བྱས་པ། ངན་གཤེད་ཕྱོགས་གཏོགས་གཞན་གྱི་གྱོད་གཞི་2གྱོད་དོན་ཐོ་འགོད་བྱས་པ་བཅས་ལ་གྱོད་འབྲེལ་མ་དངུལ་སྒོར་ཁྲི་29ཟིན་པ་དང་མ་དངུལ་སྒོར་ཁྲི་17བཙན་ཉར་བྱས་པ་དང་། གྲོང་ཁྱེར་དེ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་གཞི་9དང་འབྲེལ་བའི་མི་55འཛིན་བཟུང་བྱེད་པའི་ཆོག་མཆན་སྤྲད་པ་དང་རིམ་མཚུངས་མི་དམངས་ཁྲིམས་ཁང་ལ་གྱོད་གཞི་9ཡི་མི་76གཞུང་གཏུག་བྱས་པ། གྲོང་ཁྱེར་དེ་ཡོངས་ཀྱི་རིམ་གཉིས་ཁྲིམས་ཁང་གི་འདྲི་གཅོད་ཁག་དང་པོའི་ངན་གཤེད་དང་འབྲེལ་བའི་རིགས་ཀྱི་གྱོད་གཞི་5ཡི་མི་38གྱོད་ཐག་བཅད་པ་དང་འདྲི་གཅོད་ཁག་གཉིས་པའི་གྱོད་གཞི་2ཀྱི་མི་22ལ་གྱོད་ཐག་བཅད་པ། གྲོང་ཁྱེར་དེ་ཡོངས་ཀྱི་རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་གྲོང་ཚོ(གྲོང་ལྷན)ཏང་རྩ་འཛུགས་498ལ་མཇུག་རིམ་ལྡོག་བཤེར་བྱས་ཏེ་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོ(གྲོང་ལྷན)ཏང་རྩ་འཛུགས་111གཏན་འཁེལ་བྱས་པ་དང་ཁྱོན་རིགས་ཆེ་གྲས་22ཀྱི་མངོན་གསལ་དོད་པའི་གནད་དོན་325བཙལ་འཚོལ་བྱས་ནས་དག་ཐེར་བྱེད་ཐབས་403ཞིབ་འཇུག་གིས་བཟོས་པ་དང་ནག་གཤེད་དང་འབྲེལ་བའི་གྲོང་ཚོའི(གྲོང་ལྷན)ཏང་ཡོན་ལས་བྱེད་པའི་གནས་ཚུལ་ལ་བལྟས་ནས་རྩ་འཛུགས་ཀྱི་ཆད་པ་བཅད་པ་དང་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ། གྲོང་ཁྱེར་ཡོངས་ཀྱི་ལས་རིགས་ཁག་དང་ཚན་པ་ཁག་གིས་སྤྱི་འདོམས་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ་ལས་རིགས་ཀྱི་ཟང་ཟིང་གི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་ལས་ཀའི་དཀའ་གནད་ཐག་གཅོད་བྱས་པ་དང་ལས་རིགས་ལྟ་འདོམས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ལས་རིགས་ཟང་ཟིང་གི་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།