[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་སས་རྒྱལ་སྟོན་རིང་ཁྲོམ་རར་སྐོར་ཞིབ་བྱེད་པའི་ལས་དོན་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-15

    རྒྱལ་སྟོན་རིང་བཟའ་བཅའ་དང་སྨན་རྫས་གཉེར་སྐྱོང་ཚོང་དུད་དང་དེ་བཞིན་དམིགས་བསལ་སྒྲིག་ཆས་བེད་སྤྱོད་ཚན་པར་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱ་རྒྱུར་སྐུལ་མ་གཏོང་བ་དང་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་འགག་རྩ་དེ་དམ་འཛིན་ནན་པོ་བྱས་ཁར་རིགས་ཁག་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མ་འབྱུང་སྔོན་འགོག་ཆེད། ལྷ་ས་གྲོང་ཁྱེར་དང་ཁྲེང་ཀོན་ཆུས་རིམ་པ་གཉིས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཁྲིམས་འཛིན་མི་སྣ་མང་པོ་ཞིག་ཉིན་ལྟར་བདེ་འཇགས་ཞིབ་བཤེར་གྱི་འཐབ་ས་དང་པོར་མངགས་་ནས་གཙོ་གནད་ཁྲོམ་རར་སྐོར་ཞིབ་ལས་དོན་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་10ཚེས་1ནས་3ཉིན་བར་ལྷ་ས་གྲོང་ཁྱེར་དང་ཁྲེང་ཀོན་ཆུས་རིམ་པ་གཉིས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཁྲིམས་འཛིན་མི་སྣ་མི་ཐེངས་43དང་རླངས་འཁོར་ཐེངས་18མངགས་ནས་བཟའ་བཅའ་དང་སྨན་རྫས་གཉེར་སྐྱོང་ཚོང་དུད་དང་དེ་བཞིན་དམིགས་བསལ་སྒྲིག་ཆས་བེད་སྤྱོད་ཚན་པ་312བཅས་ལ་ཞིབ་བཤེར་བྱས་ཡོད། བཟའ་བཏུང་ཁང་63དང་། མ་བུའི་མཁོ་ཆས་ཚོང་ཁང་1 མངོན་མེད་མིག་ཤེལ་ཚོང་ཁང་1བཅས་ལ་དུས་བཀག་ནང་དག་ཐེར་བྱ་རྒྱུའི་བཀའ་བཏང་བ་མ་ཟད། ཐེར་འདོན་གོང་ཞུ་བྱས་པའི་གནད་དོན་2ཐག་གཅོད་བྱས་ཡོད། ཟླ་10ཚེས་3ཉིན་བཟའ་བཏུང་ཁང་3ལ་བསྐྱར་བཤེར་བྱས་པས་དག་ཐེར་ཚད་དང་མཐུན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།