[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁྲིམས་རྩོད་པའི་ལས་རིགས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་སྐུལ་སློང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-15

     ཉེ་ཆར། བོད་ཀྱི་ཁྲིམས་རྩོད་པའི་ལས་རིགས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད།

    ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་རྩོད་པའི་ལས་རིགས་ཀྱི་ཏང་རྩ་འཛུགས་ཀྱིས་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱི་གཅིག་གྱུར་འགོ་ཁྲིད་འོག“གནད་དོན་དག་ཐེར་དང་། བཀྲག་མདངས་འཚེར་ས་འཚོལ་བ། སྔོན་ཐོན་ལ་སྐུལ་གཏོང་། ཚད་ཤིང་འཛུགས་པ། གཟུགས་བརྙན་གཏོད་པ”བཅས་ལ་དམིགས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོར་གོ་རིམ་དང་སྒྲིག་འཛུགས་ཡོད་པའི་སྒོ་ནས་སྐུལ་མ་བརྟན་པོ་གཏོང་དགོས། ཧེ་བག་གཏིང་ཟབ་འཚོལ་བ་དང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་དག་ཐེར་བྱེད་དགོས། ཁྲིམས་རྩོད་པའི་ལས་རིགས་ཏང་ཨུད་ཀྱིས་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཏང་རྩ་འཛུགས་ལ་འབྲེལ་གཏུག་དང་མཛུབ་ཁྲིད་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུར་སྣེ་ཁྲིད་བྱེད་པ་མ་ཟད། ཁྲིམས་རྩོད་པའི་བྱ་གཞག་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པ་དང་ཚོད་འཛིན་བཟོ་བའི་ཁར་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་བསམ་བློའི་གནད་དོན་དང་། འབྱུང་རྩའི་གནད་དོན། གླེང་མང་བའི་གནད་དོན། དཀའ་གནད་བཅས་ཐག་གཅོད་བྱས་ཏེ་སྤྱོད་གོ་ཆོད་པའི་བྱ་ཐབས་དངོས་དང་། བྱ་ཐབས་ཏན་ཏིག བྱ་ཐབས་ནན་པོ་བཅས་སྤྱད་དེ་ཁྲིམས་རྩོད་པའི་ལས་རིགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཁྲལ་སེལ་སླ་བཅོས་དང་ཕྱི་ཚུལ་ཙམ་དུ་འགྱུར་རྒྱུར་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ཚོགས་འདུའི་ཐོག ཁྲིམས་རྩོད་པའི་ལས་རིགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་ངེས་པར་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ལས་དོན་ལ་དམ་འཛིན་དང་། དཔུང་ཁག་སྣེ་ཁྲིད། བཅས་ལ་བརྟེན་ནས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་དང་ཞིབ་ཕྲའི་དམིགས་ཚད་གཞིར་བཟུང་གནད་དོན་དངོས་ཐག་གཅོད་བྱ་རྒྱུ་འགོ་འཛུགས་སར་བྱས་ཏེ་ལྗོངས་ཡོངས་ཀྱི་ཁྲིམས་རྩོད་པའི་ལས་རིགས་ཀྱི་ཁྲིམས་རྩོད་པའི་ལས་དོན་ཁང་དང་། ཏང་ཡོན་ཁྲིམས་རྩོད་པ་ཚང་མས་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་སྤྱིའི་བཀོད་སྒྲིག་དང་། ལས་ཀའི་བླང་བྱ་ཁ་གསལ། ནན་བཤད་བྱས་པའི་ལས་འགན་དང་དོན་གནད་བཅས་ལ་ངོས་འཛིན་གཏིང་ཟབ་དང་། གནད་སྨིན་ངང་གོ་བ་ལེན་པ། ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཁྲིམས་རྩོད་པའི་ལས་རིགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། ནང་སེམས་ལ་ཟུག་པ། ཏན་ཏིག་བཅས་ཡོང་བར་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།