[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་རྒྱལ་སྟོན་རིང་གི་བདེ་འཇགས་འགན་ལེན་དང་བརྟན་ལྷིང་སྲུང་སྐྱོང་གི་དམ་བཅའི་ཚོགས་ཆེན་འཚོཌ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-06

     ཉེ་དུས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་འཇགས་འགན་ལེན་དང་བརྟན་ལྷིང་སྲུང་སྐྱོང་གི་དམ་བཅའི་ཚོགས་ཆེན་འཚོགས་ཤིང་། ཚོགས་འདུའི་ཐོག ལྷ་སའི་འགྲིམ་འགྲུལ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་200ལྷག་ཙམ་གྱིས་ས་གནས་ས་ཐོག་ཏུ་ཉེན་རྟོག་པའི་དཔུང་ཁག་ལ་ཞུགས་པའི་དམ་ཚིག་བསྐྱར་སྒྲོག་བྱས་པ་རེད།

    གཞན་ཡང་། ཚོགས་འདུའི་ཐོག་ད་དུང《〈ལོ་ངོ་70འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་འཇགས་འགན་ལེན་དང་བརྟན་ལྷིང་སྲུང་སྐྱོང་དམག་འཐབ་ཀྱི་སྒྲིག་ཁྲིམས་སྐོར་གྱི་སྤྱི་བདེའི་པུའི་བརྡ་ཐོ〉ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཆབ་སྲིད་པུའི》དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།