[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བྲག་ཡིབ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་སློབ་གྲྭར་ཁྲིམས་སྐྱོང་བདེ་འཇགས་སློབ་གསོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-25

    ཉེ་ཆར། བྲག་ཡིབ་ཆུས་མི་དམངས་ཞིབ་དཔྱོད་ཁང་གི“སློབ་གྲྭར་ཁྲིམས་སྐྱོང་བྱེད་སྒོ་སྤེལ་མཁན་་སྐོར་སྐྱོད་ཚོགས་པས”སློབ་འགོ་ཚུགས་པའི་གོ་སྐབས་དང་བསྟུན་ཏེ་བྲག་ཡིབ་ཆུས་སློབ་ཆུང་དང་། སྨན་རི་ཤང་སློབ་ཆུང་། བུ་ཆུ་ཤང་སློབ་ཆུང་། བྲག་ཡིབ་གྲོང་རྡལ་སློབ་ཆུང་བཅས་སློབ་གྲྭ་བཞིར་བསྐྱོད་དེ་སློབ་མ་1000ལྷག་ཙམ་ལ་ཁྲིམས་སྐྱོང་སློབ་གསོ་དང་སློབ་ཆུང་སློབ་མའི་བདེ་འཇགས་སློབ་གསོ་སྤེལ་བར་སློབ་གྲྭར་ཡོད་པའི་དགེ་སློབ་ཀྱི་དགའ་བསུ་ཆེན་པོ་དང་བསྔགས་བརྗོད་ཆེན་པོ་ཐོབ་པ་རེད།

    བྲག་ཡིབ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ལས་དོན་དང་ཟུང་འབྲེལ་བྱས་ཏེ། སློབ་མ་ཚོར་ན་སོ་དར་ལ་མ་བབས་པའི་མིའི་འབྲེལ་ཡོད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་། སློབ་གྲྭའི་བརྙས་བཅོས་སྔོན་འགོག་བྱེད་པ། དེ་བཞིན་རང་ཉིད་ཀྱི་དོགས་ཟོན་འདུ་ཤེས་ཟབ་ཏུ་བཏང་སྟེ་ཁྲིམས་འགལ་གྱི་བཙན་གནོད་མི་ཕོག་པ་སོགས་ཀྱི་ནང་དོན་སྒྲོག་འགྲེལ་བྱས་པ་རེད། ཞིབ་དཔྱོད་དཔོན་ཚོས་སྒྲོག་འགྲེལ་གྱི་བརྒྱུད་རིམ་ནང་རྣམ་པ་འདྲ་བཟོ་བྱས་པ་དེས་སློབ་མ་ཚོའི་སྤྲོ་སེམས་ཤུགས་ཆེར་འཕེལ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།