[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཏིང་ཡེ་ཤན་གྱིས་ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལས་དོན་འགོ་ཁྲིད་ཚོཌ་ཆུང་གི་ཚོཌ་འདུ་འཚོཌ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-24

    ཉེ་ཆར། ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏུན་ཧོང་ཞིབ་འཇུག་ཁང་དུ་བཞུགས་མོལ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཏིང་ཡེ་ཤན་གྱིས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱེད་པའི་རིག་དངོས་ལས་དོན་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། རང་ལྗོངས་ཀྱི་རིག་དངོས་བྱ་གཞག་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཏིང་ཡེ་ཤན་གྱིས་རིག་དངོས་ནི་མི་རིཌ་ཀྱི་ལོ་རྒྱུས་བཀོད་པའི་དངོས་པོའི་དཔང་པོ་ཞིག་ཡིན་ཞིང་། དེར་ཤིན་ཏུ་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་འདུས་ཡོད། རིམ་ཁག་སྡེ་ཚན་ཁག་གིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་བྱ་རྒྱུ་མཐའ་འཁྱོངས་དང་། ཆབ་སྲིད་ཀྱི་ཁྲིད་སྟོན་འབུར་དུ་ཐོན་པར་བྱེད་པ། རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་དམིགས་ཡུལ་ནས་འགོ་འཛུགས་པ། རིག་དངོས་ཀྱི་གནའ་རྫས་རྟོག་ཞིབ་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་དང་ཁུངས་བཙན་པའི་གནའ་རྫས་རྟོག་ཞིབ་ཀྱི་དཔང་རྟགས་ཐོག་ནས་གསལ་བཤད་མཐར་ཕྱིན་བྱེད་དགོས། བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་དང་། བོད་རིགས་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་གི་ཁོངས་མི་གལ་ཆེན་ཞིག བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་ནུས་ལྡན་ཞིག་བཅས་ཡིན། དེས་ན་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལྗོངས་ཕྱི་ནང་གི་ཚན་ཞིབ་སློབ་གླིང་དང་སློབ་གྲྭ དབང་གྲགས་ལྡན་པའི་སྒྲིག་གཞི་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཞིབ་འཇུག་ཚོགས་པའི་རྒྱ་སྟོབས་ཆེ་རུ་གཏོང་དགོས། ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོང་བ་དང་བེད་སྤྱོད་ལས་དོན་རྨང་གཞིར་བྱས་ཏེ། ལྗོངས་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ལས་དོན་ཕྱོགས་ཡོངས་ནས་གཏིང་ཟབ་སྤེལ་ནས་རིག་དངོས་ཀྱི་ཡིག་ཚགས་དང་གཱ་བཟོ་བའི་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།