[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཕ་མེས་ཚོའི་ལམ་དུ་སླར་ཡང་སྐྱོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-24

    x0923b1t1_s.jpg

    ཉིན་ཤས་གོང་། “དམག་སྡེ་བཅོ་བརྒྱད་པའི་བུ་ཕྲུག་ཚོས་ཕ་མེས་ཚོའི་ལམ་དུ་སླར་ཡང་སྐྱོད་པའི”བྱེད་སྒོ་ལྷོ་ཁར་གཉེར་བ་རེད། དམག་སྡེ་བཅོ་བརྒྱད་པའི་དེ་སྔའི་མཐོ་རིམ་དམག་དཔོན་ཀྲང་གོ་ཧྭ་དང་། ཐན་ཀོན་སན། དབྱིང་ཧྥ་ཐང་སོགས་ཀྱི་བུ་ཕྲུག་དང་རྗེས་རབས་པས་བོད་དུ་ཡོད་པའི་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་དང་བཞུགས་མོལ་གནང་བ་དང་། སྔོན་གཤེགས་དཔའ་བོའི་བང་སོར་དུར་མཆོད་བྱེད་པ། ལོ་རྒྱུས་དྲན་གསོ་ཁང་དུ་ལྟ་སྐོར་ལ་བསྐྱོད་པ། ལྷོ་ཁའི་རྒྱ་ཆེའི་དགེ་སློབ་ཚོར་སྙན་ཞུ་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་དམག་སྡེ་བཅོ་བརྒྱད་པའི་དཔོན་དམག་ཚོའི་དཔའ་མཛངས་རྟུལ་ཕོད་ཀྱི་མཛད་རྗེས་བསྐྱར་དྲན་དང་། ཟིལ་རླབས་དགུང་འཕྱུར་གྱི་གསར་བརྗེའི་ལོ་རྒྱུས་ཕྱིར་དྲན། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་འཕོ་འགྱུར་ཆེན་པོ་ཉམས་སུ་མྱོང་བ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ཡོད་ཅིང་། འདི་ནི་དམག་སྡེ་བཅོ་བརྒྱད་པའི་བུ་ཕྲུག་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བརྐོས་བརྙན་ལ་མཇལ་དར་འབུལ་བཞིན་ཡོད་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།