[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་མཐའ་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས།

    ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་སྲུང་གི་དམ་འཇོག་ཚོགས་ཆེན་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-24

    zengfg99372_s.jpg

    དམ་འཇོག་ཚོགས་ཆེན་འཚོག་ཡུལ་གྱི་རྣམ་པ།

    ཉེ་ཆར། བོད་ལྗོངས་མཐའ་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་སྲུང་དམ་འཇོག་ཚོགས་ཆེན་འཚོགས་ཏེ། འགག་སྒོ་དང་མཐའ་མཚམས་ཀྱི་རྒྱུན་མཐུད་བདེ་འཇགས་ལ་འགན་ལེན་གྱིས། གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཆེ་མོར་ཕྱག་རྟགས་འབུལ་རྒྱུ་ཡིན་པ་རེད།

    ཚོགས་འདུའི་ཐོག རྒྱ་ཆེའི་མི་དམངས་ཉེན་རྟོག་པས་ངེས་པར་དུ་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་། ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ། དམག་འཐབ་དང་པོར་ང་གཏོང་བ་དང་། ང་བཏང་ན་རྒྱལ་ངེས་ཡིན་པའི་བསམ་བློ་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་བསྐོངས་ན་ཡོང་ཐུབ་པ་དང་། ཡོང་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ངེས་ཡིན་པ་བཅས་བྱེད་ཐུབ་པ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། གདེང་ཚོད་མི་ཆག་པར་བྱེད་པ་དང་ཆོད་སེམས་བརྟན་དུ་གཏོང་དགོས་ཤིང་། “བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་ལྔ་དང་འགན་ལེན་བྱེད་དགོས་པ་གསུམ”གྱི་ལས་ཀའི་དམིཌ་ཚད་ལ་དམ་པོར་དམིཌ་ཏེ། དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་དང་དཔའ་མཛངས་རྟུལ་ཕོད་ཀྱིས་དམག་འཐབ་བྱས་ནས། འགག་སྒོ་དང་མཐའ་མཚམས་ཀྱི་རྒྱུན་མཐུད་བདེ་འཇགས་ལ་འགན་ལེན་བྱེད་དགོས་པ། ཉེན་ཁ་དང་འགྲན་སློང་ལ་ཐད་ཀར་ཁ་གཏད་འཇལ་ཕོད་པར་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་ཆེར་སྐྱེད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ནུས་ཤུགས་ཡོད་རྒུས་འཐབ་རྩོད་བྱ་རྒྱུའི་གྲ་སྒྲིག་ཡག་པོ་བྱེད་པ་བཅས་བྱས་ནས། འགག་སྒོ་དང་མཐའ་མཚམས་ཀྱི་དུས་བདེ་བརྟན་ལྷིང་དང་བྲག་ལྟར་སྲ་བ་ཞིག་ཡོང་བའི་འགན་ལེན་བྱེད་དགོས་པ། འགན་འཁྲི་དང་སྒྲིག་ཁྲིམས་དམ་ནན་དུ་གཏོང་དགོས་ཤིང་། རྒྱ་ཆེའི་མི་དམངས་ཉེན་རྟོག་པས་འགན་འཁྲི་འཁུར་སེམས་ཆེན་པོའི་ཐོག་ནས་ལམ་སེང་དམག་འཐབ་ཀྱི་རྣམ་པའི་ཁྲོད་ཞུགས་པ་དང་འཐབ་ས་མདུན་མར་བསྐྱོད་ནས། “མི་དམངས་ཉེན་རྟོག་པ་ཡོངས་སྐུལ་སློང་དང་ནུས་ཤུགས་མཉམ་དུ་འདོན་པའི”དམག་འཐབ་ཀྱི་རྣམ་པ་ཞིག་ཆགས་པར་བྱེད་དགོས་པ། ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ། ཕྱོགས་གཅིག་གི་དུས་བདེ་སྲུང་བའི་བླ་ན་མེད་པའི་འགན་འཁྲི་ཏན་ཏིག་ངང་སྒྲུབ་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།