[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • “རྒྱལ་དར་འོག་གི་རྩ་ཁྲིམས་སྒྲོག་འགྲེལ”བྱེད་སྒོ་བོད་ལྗོངས་སློབ་ཆེན་དུ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-24

    662352_yis_1568781174346_s.jpg

    འདི་ནི་བྱེད་སྒོའི་ཁྲོད། བོད་ལྗོངས་སློབ་ཆེན་གྱི་གླུ་གཞས་མཉམ་གཏོང་ཚོགས་པས《མེས་རྒྱལ་ལ་བསྟོད་གླུ》ལེན་བཞིན་པ།

    ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་སྔར་བས་སྐྱེད་སྲིང་དང་ཟབ་ཏུ་གཏོང་ཆེད། ཚེས་17ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ལྗོངས་སྲིད་ཁྲིམས་ཐིང་། ལྗོངས་སློབ་གསོ་ཐིང་། བོད་ལྗོངས་སློབ་ཆེན་བཅས་ཀྱིས་མཉམ་འབྲེལ་ཐོག་སྒྲིག་འཛུགས་བྱས་པའི“རྒྱལ་དར་འོག་གི་རྩ་ཁྲིམས་སྒྲོག་འགྲེལ”བྱེད་སྒོ་བོད་ལྗོངས་སློབ་ཆེན་དུ་སྤེལ་བ་རེད། བོད་ལྗོངས་སློབ་ཆེན་གྱི་དགེ་སློབ་1000ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།

    ཐེངས་འདིའི་བྱེད་སྒོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་འགོ་འཛུགས་སར་བྱས་ཏེ་རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་དང་། རྩ་ཁྲིམས་ཀྱི་དབང་གྲགས་གཏོད་པ། རྒྱ་ཆེའི་དགེ་སློབ་ཚོར་ཁྲིམས་སྐྱོང་གི་འདུ་ཤེས་བརྟན་པོར་འཛུགས་རྒྱུར་རམ་འདེགས། རྒྱ་ཆེའི་དགེ་སློབ་ཚོར་རྒྱལ་གཅེས་ཀྱི་སྤྲོ་སེམས་འཕེལ་བ། རྒྱ་ཆེའི་དགེ་སློབ་ཀྱི་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་རྒྱུར་ཁྲིད་སྟོན་བཅས་བྱས་ཏེ་རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་དང་། རླབས་ཆེན་མེས་རྒྱལ་གྱི་བཀའ་དྲིན་ཚོར་བ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “རྒྱལ་དར་འོག་གི་རྩ་ཁྲིམས་སྒྲོག་འགྲེལ”བྱེད་སྒོ་ནི་རང་ལྗོངས་ཀྱིས“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་ཕྱག་རྟགས་འབུལ་བའི”བརྗོད་དོན་གཙོ་བོའི་བཅའ་ཁྲིམས་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པའི་གྲས་ཤིག་རེད། ཉེ་ཆར། རང་ལྗོངས་ཀྱིས་ཁྲིམས་སྐྱོང་སྤྱི་གླིང་དང་། ཁྲིམས་སྐྱོང་གློག་བརྙན་ཆེ་མོ་སྟོན་པ། དགོན་སྡེའི་གྲྭ་བཙུན་གྱི“ང་དང་ངའི་མེས་རྒྱལ”ཞེས་པའི་རྩ་ཁྲིམས་སློབ་སྦྱོང་གི་ཆེད་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ་སོགས་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ཏེ་སྤེལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།