[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཁྲེང་ཧྲའོ་ཧྭ་སྔོན་ཐོན་བྱས་རྗེས་སྙན་སེང་ཞུ་བར་གདན་དྲངས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-10

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོར་སྐུལ་མ་གཏིང་ཟབ་གཏོང་ཆེད། ཉེ་ཆར། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་རྒྱལ་ཡོངས་ཀྱི་དཔེ་བཟང་ཁྲིམས་དཔོན་ཁྲེང་ཧྲའོ་ཧྭ་སྔོན་ཐོན་བྱས་རྗེས་སྙན་སེང་ཞུ་བར་གདན་དྲངས་པ་རེད།

    སྙན་ཞུའི་ཚོགས་འདུའི་ཐོག ཁྲེང་ཧྲའོ་ཧྭ་ཡིས་རང་ངོས་ཀྱི་ཉམས་མྱོང་དང་ཟུང་འབྲེལ་གྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོར་དམིགས་ཏེ་ཕུགས་རྩ་ཁུངས་འདེད་རྒྱུར་གཞིགས་ནས། གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། དད་སེམས་བརྟན་པའི“རྒྱུན་འཛིན་པ”ཞིག་དང་། དུས་རབས་ཀྱི་ཁ་ཕྱོགས་ལ་གཞིགས་ནས་ཁྲིམས་ཁང་མི་སྣའི་བསམ་འདུན་དང་འགན་འཁྲི་ངོས་འཛིན་གཏིང་ཟབ་བྱས་ཏེ་དྲང་འཛིན་གསར་གཏོད་ཀྱི“འབད་འཐབ་པ”ཞིག་བྱེད་པའི་ལག་ལེན་གྱི་བླང་བྱར་གཞིགས་ནས་ཁྲིམས་ཁང་མི་སྣའི་བསམ་འདུན་དང་འགན་འཁྲི་ལག་ལེན་ཧུར་ཐག་བྱས་ཏེ། དྲང་སྙོམས་དྲང་བདེན་གྱི“སྲུང་སྐྱོང་པ”ཞིག་བཅས་ཕྱོགས་གསུམ་ཐད་ནས་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་བྱེད་པ་དང་ཉེན་རྟོག་པ་ཚོར་གསོན་ཉམས་དོད་པའི་ཏང་གི་སློབ་ཚན་ཞིག་འཁྲིད་པས་རྒྱ་ཆེའི་ལས་བྱེད་པ་དང་ཉེན་རྟོག་པ་ཚོར་སློབ་གསོ་གཏིང་ཟབ་ཐེབས་ཡོད་པ་རེད།

    རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ཉེན་རྟོག་པ་ཚོས་བློ་མཐུན་ཁྲེང་ཧྲའོ་ཧྭ་ཡི་སྔོན་ཐོན་བྱས་རྗེས་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཁྲིམས་ཁང་ཁོངས་གཏོགས་ཀྱི་སྔོན་ཐོན་དཔེ་མཚོན་ལ་བརྟེན་ནས་རང་ཉིད་ལ་ལྕག་སྐུལ་གྱིས་དེ་བས་བརྟན་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས། དེ་བས་ཏན་ཏིག་གི་ལས་ཀའི་སྤྱོད་ཚུལ་བཅས་ལ་བརྟེན་ནས“དམངས་ཆེད་ཁྲིམས་འཛིན་པ་དང་ཁྲིམས་འཛིན་གཞུང་དྲང”གི་ལས་ཀའི་གཙོ་རྐང་མཐའ་འཁྱོངས་ཀྱིས་ལས་འགན་དང་འགན་འཁྲི་ཧུར་ཐག་སྒྲུབ་ནས་མི་དམངས་མང་ཚོགས་ཚོར་ཁྲིམས་འཛིན་གྱོད་གཞིའི་ཁྲོད་དྲང་སྙོམས་དང་དྲང་བདེན་ཚོར་བ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།