[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཧྲན་ཏུང་དང་བོད་ཀྱི་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བོད་སྐྱོར་སྐོར་ལ་བཞུགས་མོལ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-10

    ཉེ་ཆར། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཧྲན་ཏུང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བོད་ཀྱི་ཁྲིམས་ཁང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་བཞུགས་མོལ་ཚོགས་འདུ་འཚོགས་པ་མ་ཟད། འདྲི་གཅོད་ལག་བསྟར་ལས་སྒོ་གཏིང་ཟབ་ཏུ་གཏོང་བ་དང་། ཤེས་ལྡན་མི་སྣའི་རིག་སྟོབས། ཆ་འཕྲིན་ཅན་འཛུགས་སྐྱོང་སོགས་ཀྱི་ཐད་བསམ་འཆར་གཅིག་མཐུན་ཡང་བྱུང་ཡོད་པ་རེད།

    ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའི་ཧྲུའུ་ཅི་ཡོན་ཀྲང་བསོད་དར་དང་། ཧྲན་ཏུང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའི་ཧྲུའུ་ཅི་ཡོན་ཀྲང་ཀྲང་ཅ་ཐེན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    zengfg918265_s.jpg

    འདི་ནི་བསོད་དར་གྱིས་ཀྲང་ཅ་ཐེན་དང་བཅས་པར་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་དཔེ་དེབ་ལྟ་ཀློག་ཁང་དུ་གཟིགས་སྐོར་གནང་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།