[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་སྤྱི་བདེ་ཐིང་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་དྲིལ་བསྒྲགས་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-10

    ཉེ་ཆར། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་ལྷ་སར་ལྗོངས་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་གསོ་སྦྱོང་འཛིན་གྲྭ་གཉེར་བ་མ་ཟད། སྤྱི་ཕན་ཁེ་ལས་སྒྲིག་འཛུགས་བྱས་ཏེ་ཨ་མདོ་རྫོང་གི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ལ་ཉེན་རྟོག་སྒྲིག་ཆས་ཞལ་འདེབས་ཕུལ་བ་རེད། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་། ཐེན་ཅིན་གྲོང་ཁྱེར་འགྲིམ་འགྲུལ་དོ་དམ་ཅུས། ཧྲན་ཏུང་ཞིང་ཆེན་ཝུའེ་ཧྥང་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག ཨ་མདོ་རྫོང་གི་འབྲེལ་ཡོད་འགོ་ཁྲིད། སྤྱི་ཕན་ཁེ་ལས་ཀྱི་འཐུས་མི་བཅས་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་ཡོད།

    འདི་ལོའི་ཟླ་5པར། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་བཀོད་སྒྲིག་དང་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱི་མཛུབ་ཁྲིད་དང་མཐུན་སྦྱོར་ནུས་ལྡན་འོག ཐེན་ཅིན་གྲོང་ཁྱེར་འགྲིམ་འགྲུལ་དོ་དམ་ཅུས་དང་ཧྲན་ཏུང་ཞིང་ཆེན་ཝུའེ་ཧྥང་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་འབྲེལ་ཡོད་ལས་སྒོའི་རིགས་གཅིག་མཁས་ཅན་བོད་དུ་ཡོང་ནས་པར་ལེན་ལ་གཞོགས་འདེགས་བྱས་ཏེ་ཨ་མདོའི་འགྲིམ་འགྲུལ་ཉེན་རྟོག་གི་སྔོན་ཐོན་བྱས་རྗེས་སྐོར་གྱི་དྲང་ནུས་དྲིལ་བསྒྲགས་བརྙན་པར《མཁའ་ལམ་སྲུང་བ》ཞེས་པ་བཟོས་པ་རེད། སྨྱན་སྦྱོར་མང་པོས་གནས་ཚུལ་གཏོང་སྤེལ་བྱས་པ་བརྒྱུད། ཨ་མདོའི་འགྲིམ་འགྲུལ་ཉེན་རྟོག་གི་སྔོན་ཐོན་བྱས་རྗེས་ལ་རྒྱལ་ཡོངས་སུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་སྟེ། རྒྱལ་ཡོངས་མི་དམངས་ཀྱིས་བོད་ཀྱི་འགྲིམ་འགྲུལ་ཉེན་རྟོག་གི་རྒྱུན་གཏན་ལས་དོན་དང་ལྷག་པར་དུ་ཨ་མདོའི་འགྲིམ་འགྲུལ་ཉེན་རྟོག་གི་དཀའ་སྤྱད་ལས་སྒྲུབ་ལ་ཤེས་རྟོགས་དང་ངོས་འཛིན་དེ་བས་གཏིང་ཟབ་བྱུང་ནས། བོད་ཀྱི་འགྲིམ་འགྲུལ་ཉེན་རྟོག་གི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད། ཨ་མདོའི་འགྲིམ་འགྲུལ་ཉེན་རྟོག་གི་སྔོན་ཐོན་བྱས་རྗེས་ཀྱི་ཤུགས་རྐྱེན་འོག་སྤྱི་ཕན་ཁེ་ལས་ཧྲན་ཏུང་ཐའེ་ཨན་ཏུང་ཧྲེང་གྱོན་ཆས་ཚད་ཡོད་ཀུང་སིས་ཨ་མདོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་མི་དམངས(ལས་རོགས)ཉེན་རྟོག་པ་ཚོར་མཐོ་གྲང་ས་ཁུལ་དུ་ཉེན་རྟོག་པར་སྤྱོད་རྒྱུར་འཚམ་པའི་སྒྲིག་ཆས་ཁག་གཅིག་རིན་མེད་ངང་ཞལ་འདེབས་ཕུལ་བར་རིན་ཐང་སྒོར་ཁྲི་17ཟིན་ཡོད།

    རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་སྐོར་གཟིགས་པ་གཞོན་པ་འགྲིམ་འགྲུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཉི་མ་བསམ་གྲུབ་ཀྱིས། “ད་རེས་ཀྱི་བྱེད་སྒོའི་དམིགས་ཚད་གཙོ་བོ་ནི་ལྗོངས་ཡོངས་ཀྱི་སྤྱི་བདེའི་ཁོངས་གཏོགས་ཀྱི་འགོ་ཁྲིད་ལས་བྱེད་པ་དང་གསར་འགྱུར་དྲིལ་བསྒྲགས་ལས་དོན་པའི་ཕྱོགས་བསྡུས་བྱང་ཚད་མཐོར་གཏོང་དང་ལྷག་པར་དུ། ཀུན་འདུས་སྨྱན་སྦྱོར་དུས་རབས་ཀྱི་སྨྱན་སྦྱོར་སྦྲེལ་མཐུད་དང་། འཐབ་ཇུས་བརྒྱུད་སྤེལ། གླེང་ཕྱོགས་ལ་ཁྲིད་སྟོན་བཅས་བྱེད་པའི་ནུས་པ་མཐོ་རུ་བཏང་ནས། ཚང་མས་ཀུན་འདུས་སྨྱན་སྦྱོར་དུས་རབས་ཀྱི་འགྲན་སློང་གསར་པར་ངོས་འཛིན་གང་ལེགས་ཐུབ་ནས་བསྡད་ན་འབྲི་ཐུབ་པ་དང་། ལངས་ན་ཤོད་ཤེས་པ། ཁ་པར་ལག་ཏུ་བླངས་ན་པར་རྒྱག་ཤེས་པ། ཁ་པར་བཞག་ན་ཇུས་འགོད་བྱེད་ཤེས་པའི་དམིགས་ཚད་ལ་སླེབས་པ་བྱེད་རྒྱུ་་ཡིན”ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།