[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སློབ་གྲྭར“བདེ་ཐང་གི་ཆེད་དུ་དུག་རྫས་དང་རིང་དུ་གྱེས་པའི”དུག་འགོག་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-10

    རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་དུག་འགོག་འདུ་ཤེས་དང་རང་ཉིད་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་དུག་རྫས་དང་རིང་དུ་གྱེས་ཆེད། ཉེ་དུས། གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་ན་ཆུང་པུའུ་དང་ལྷ་ས་གྲོང་ཁྱེར་དང་བླངས་པའི་ཞབས་ཞུའི་མཛུབ་ཁྲིད་ལྟེ་གནས་དང་ཀྲེ་ཅང་ཉེན་རྟོག་སློབ་གླིང་གི་དང་བླངས་ཚོགས་པས་ལྷ་ས་གྲོང་ཁྱེར་སློབ་འབྲིང་བརྒྱད་པར“བདེ་ཐང་གི་ཆེད་དུ་དུག་རྫས་དང་རིང་དུ་གྱེས་པའི”དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བར་དགེ་སློབ་100ལྷག་ཙམ་ཞུགས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་བྱེད་སྒོ་དེ་དུག་འགོག་ཤེས་བྱ་སྒྲོག་འགྲེལ་དང་། དུག་འགོག་དྲིལ་བསྒྲགས་གློག་བརྙན་ལ་ལྟ་བ། བྱ་དགའ་ལྡན་པའི་ཕན་སྐུལ་སོགས་ཀྱི་བྱེད་ཐབས་སྤྱད་དེ། “གང་ཞིག་ནི་དུག་རྫས་ཡིན་པ”དང་། “དུག་རྫས་ཀྱི་གནོད་འཚེ”“དུག་རྫས་བཀག་འགོག་ཇི་ལྟར་བྱེད་པ”སོགས་ཀྱི་ནང་དོན་ལ་དམིགས་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་དུག་རྫས་ཤེས་རྟོགས་དང་དུག་རྫས་ཀྱིས་རྒྱལ་ཁབ་དང་། སྤྱི་ཚོགས། ཁྱིམ་ཚང་། མི་སྒེར་བཅས་ལ་བཟོས་པའི་གནོད་འཚེ་ཤེས་རྟོགས་གང་ལེགས་བྱས་ཏེ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་ཆུང་དུས་ནས་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་སྦྱོང་དགོས་པ་དང་རང་རྟོགས་ངང་དུག་རྫས་དང་རིང་དུ་གྱེས་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་དང་ཆབས་ཅིག ཀྲེ་ཅང་ཉེན་རྟོག་སློབ་གླིང་གི་དང་བླངས་ཚོགས་པའི་དང་བླངས་པས་ས་གནས་ས་ཐོག་ཏུ་ནང་སྦྱོང་དང་གསལ་འགྲེལ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སློབ་མ་ཚོར་སློབ་གྲྭའི་ནང་གི་གཏུམ་སྤྱོད་ལ་ངོ་རྒོལ་དང་ཉེན་དོན་གྱི་རྒྱུན་ཤེས་གསལ་འགྲེལ་བྱས་ཏེ་སློབ་མའི་རང་ཉིད་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་དང་འཇོན་ཐང་ཆེ་རུ་གཏོང་ཐུབ་པ་བྱས་པ་རེད།

    གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་ན་ཆུང་པུའུ་ཡི་འགན་ཁུར་བས།“ད་རེས་ཀྱི་བྱེད་སྒོ་ལས་དུག་འགོག་གླེང་ཕྱོགས་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོ་བཏོད་དེ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོར་དུག་རྫས་ཤེས་རྟོགས་དང་། ཆུང་དུས་ནས་དུག་རྫས་དང་གྱེས་པ། དུག་འགོག་གི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ཡོད”ཅེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།