[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཐོག་མའི་བསམ་འདུན་མ་བརྗེད་སླར་ཡང་ཐོན། འགན་འཁྲི་བློ་ལ་ངེས་ནས་རྒྱང་སྐྱོད་བྱེད།

    —— བོད་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་པར་རིས་བདམས་བཀོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-10

    luyj98174.jpg

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

    ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་དྲན་གསོ་ཞུ་བ་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་དེ་བས་ཡག་པོ་གཏོང་བར་ལྕག་སྐུལ་བྱ་ཕྱིར། བོད་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས“གསར་བརྗེའི་སྒུལ་བྱེད་འཕྲུལ་འཁོར”ལ་བརྟེན་ནས་ཏང་འཛུགས་སྐྱོང་གི་གསོན་ཤུགས་འཕེལ་བར་བྱས་ཐོག ཏང་འཛུགས་སྐྱོང་གི་རིག་གནས་ལ་བརྟེན་ནས“ཐོག་མའི་བསམ་འདུན་གྱི་འགྲུལ་བཞུད”བྱེད་འགོ་བརྩམས།

    ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་མེ་གསོད་སྐྱོབ་རོགས་དཔུང་སྡེས་ཅིང་ཀང་རི་བོའི་གསར་བརྗེའི་སློབ་གསོའི་སྐོར་འགྲེམས་ཁང་དང་། བོད་ལྗོངས་དམག་དོན་ལོ་རྒྱུས་ཁང་། རྒྱལ་རྩེའི་དབྱིན་འགོག་དྲན་གསོའི་རྡོ་རིང་། ཆབ་མདོའི་བཅིངས་འགྲོལ་ཐང་ཆེན། ནག་ཆུའི་སྔོན་གཤེགས་དཔའ་བོའི་བང་སོ། མངའ་རིས་ཞང་ཞུང་རིག་གནས་ཐང་ཆེན། ལྷོ་ཁའི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་ཨང་དང་པོ་སོགས་སློབ་གསོའི་རྟེན་གཞིར་གསར་བརྗེའི་གཞི་རྒྱུའི་རྒྱུན་སྐྱོང་བ་དང་གསར་བརྗེའི་སློབ་གསོ་དང་ལེན་བྱས་པ་མ་ཟད། ཏང་ཡོན་བཀོད་འཐབ་པ་1600ལྷག་ཙམ་གྱིས་ཏང་ཞུགས་དམ་བཅའ་བསྐྱར་འཇོག་དང་། མིང་རྟགས་བཀོད་ནས་ཆོད་སེམས་མཚོན་པར་བྱེད་པ། མེ་ཏོག་སི་ར་ཕུལ་བ་སོགས་ཀྱི་རྣམ་པ་དང་། གླུ་གཞས《ང་དང་ང་ཡི་མེས་རྒྱལ》གཏོང་བ། མེ་གསོད་རོགས་སྐྱོབ་རུ་ཁག་གི་གླུ་གཞས《སེམས་པ་དམར་པོའི་ཕུགས་འདུན་སྔོན་པོ》གསར་རྩོམ་བཅས་བརྒྱུད། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”སློབ་གསོའི་རྣམ་པ་དང་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་རྒྱ་ཆེར་བཏང་བ་རེད།

    བརྗོད་དོན་གཙོ་བོའི་སློབ་གསོའི་བཀོད་སྒྲིག་ལྟར། བོད་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ་དང་། རིགས་གཅིག་མཁས་ཅན་གདན་འདྲེན་ཞུས་ནས་ཟུར་ཁྲིད་བྱེད་པ། “རིགས་པའི་གཞུང་ལུགས་ཀྱི་མཚན་མོའི་སློབ་གྲྭའི”བྱེད་སྒོ་གསར་དུ་སྤེལ་བ། དཔེ་ཀློག་མཉམ་སྤྱོད་སྒྲིག་འཛུགས་བྱེད་པ། ལྟ་སྐོར་སློབ་སྦྱོང་སོགས་རྣམ་པ་མང་པོར་བརྟེན་ནས་བྱེད་སྒོ་གཏིང་ཟབ་ཕྱོགས་སུ་སྤེལ་བ་རེད།

    སྤྱི་ཁྱབ་རུ་ཁག་གི་ཚན་ཁག་གཅིག་གི་ཁོངས་མིས་ཐོག་མཐའ་བར་གསུམ་དུ་མི་དམངས་དགེ་རྒན་ལ་བསྟེན་པ་དང་། གཞི་རིམ་དུ་སློབ་སྦྱོང་བྱེད་པར་བསྐྱོད་པ། ལག་ལེན་དང་ཟུང་འབྲེལ་བྱེད་པ་བཅས་བྱས་ཏེ། སྔ་རྗེས་སུ་གཞི་རིམ་དུ་སྐྱོད་པ་དང་རུ་ཁག་དང་པན་ཤོག་ཏུ་བསྡད་ཐོག རྟོག་ཞིབ་ལས་དོན་རེས་སྐོར་10སྤེལ་བ་མ་ཟད། རྟོག་ཞིབ་དཔྱད་གཞི་6དང་གཞི་རིམ་ཚན་པ་35ལ་རྟོག་ཞིབ་བྱས་པར་དམིགས་ནས་བསམ་འཆར་དང་གྲོས་འགོ་ཁག་68ཕྱོགས་བསྒྲིགས་གསེད་བཀྲོལ་བྱས་པ་རེད།

    luyj98171.jpg

    གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་སློབ་ཁྲིད་པར་གཞི་པར་ལེན་བྱེད་པ།

    luyj98175.jpg

    བརྗོད་དོན་གཙོ་བོའི་སློབ་གསོའི་རིགས་པའི་གཞུང་ལུགས་ཀྱི་ཚོད་རྒྱུགས་གཏོང་བཞིན་པ།

    luyj98184.jpg

    བཀོད་འཐབ་པས་དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལམ་བུར་སླར་ཡང་སྐྱོད་པ།

    luyj98180.jpg

    རིགས་གཅིག་མཁས་ཅན་གདན་དྲངས་ནས་སློབ་ཚན་ཁྲིད་པ།

    luyj98179.jpg

    ཅིང་ཀང་རི་བོའི་གསར་བརྗེའི་སློབ་གསོའི་སྐོར་འགྲེམས་ཁང་དུ“གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

    luyj98178.jpg

    བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་པ།

    luyj98176.jpg

    ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱེད་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།