[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • “བདག་དང་བདག་གི་མེས་རྒྱལ”ཞེས་པའི་མི་སེར་གྱི་སྒྲོག་འགྲེལ་བྱེད་སྒོའི་རྒྱལ་ཡོངས་ཀྱི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-10

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོང་ལྷན་ཚོགས། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོར་མཉམ་དུ“བདག་དང་བདག་གི་མེས་རྒྱལ”ཞེས་པའི་མི་སེར་གྱི་སྒྲོག་འགྲེལ་བྱེད་སྒོའི་རྒྱལ་ཡོངས་ཀྱི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད།

    “བདག་དང་བདག་གི་མེས་རྒྱལ”ཞེས་པའི་མི་སེར་གྱི་སྒྲོག་འགྲེལ་བྱེད་སྒོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་སྐུལ་སློང་བྱས་ཏེ་མི་སྣ་དངོས་དང་བྱ་བ་དངོས། བརྩེ་བ་ཟབ་མོ་བཅས་ཀྱི་སྒོ་ནས་འགན་སྒྲུབ་ལས་བརྩོན་དང་། ཕུགས་འདུན་དོན་གཉེར། དཀའ་བ་སྤྱད་དེ་ཕུགས་འདུན་མངོན་འགྱུར་བྱེད་པའི་གཏམ་རྒྱུད་ཡག་པོ་བཤད་དེ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་། ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་བྱུང་བའི་འཕོ་འགྱུར་ཆེན་པོ་དང་ཐོབ་པའི་གྲུབ་འབྲས་རླབས་ཆེན་དྲིལ་བསྒྲགས་གང་ལེགས་བྱེད་པ་དང་། རྒྱལ་གཅེས་བརྩེ་སེམས་འཕེལ་ཐབས་བྱེད་པ། རྒྱལ་གཅེས་སྙིང་སྟོབས་ཆེ་རུ་གཏོང་བ། རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཡོང་རྒྱུར་སྐུལ་ལྕག་དང་སྐུལ་སློང་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ནམ་ཡང་འབད་འཐབ་བྱེད་པ། རང་འཁྲིའི་ལས་གནས་ལ་གཞི་ཚུགས་ནས་ལེགས་སྐྱེས་འབུལ་བ། རྒྱལ་གཅེས་འབད་འཐབ་ཀྱི་སྙིང་སྟོབས་བྱ་སྤྱོད་དངོས་སུ་འགྱུར་བར་བྱེད་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པ་དེ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།